| | e-texts navigator
|
8b1 གཞོན་ནུར་གྱུར་པས། ལུས་ལ་གོས་དང་རྒྱན་ཐམས་ཅད་ཀྱིས་ལེགས་པར་བརྒྱན་ནས། ལམ་གང་ནས་སྨད་འཚོང་མའི་བུ་མོ་གསེར་མཆོག་འོད་དཔལ་འོང་བའི་ལམ་དེའི་མདུན་ལོགས་སུ་བསྡད་དོ།།
8b2 འཇམ་དཔལ་གཞོན་ནུར་གྱུར་པས་དེར་བསྡད་མ་ཐག་ཏུ། དེ་ནས་ཚོང་དཔོན་གྱི་བུ་དེའི་ཤིང་རྟ་ཡང་མོག་མོག་པོར་གྱུར། སྨད་འཚོང་མའི་བུ་མོ་གསེར་མཆོག་འོད་དཔལ་གྱི་ལུས་ཐམས་ཅད་ཀྱང་མོག་མོག
8b3 པོར་གྱུར་ཏོ། ། འདི་ལྟ་སྟེ་དཔེར་ན། འཛམ་བུ་ཆུ་བོའི་གསེར་གྱི་དྲུང་དུ་སྣག་ཚའི་ཡུག་བཞག་ན། ལྷམ་མེར་མི་འདུག། ལྷན་ནེར་མི་འདུག། ལྷང་ངེར་མི་འདུག་གོ།། དེ་བཞིན་དུ་འཇམ་དཔལ་གཞོན་ནུར
8b4 གྱུར་པའི་ལུས་ཀྱི་འོད་ཀྱིས་རེག་པ་ན། བུ་མོ་དེའི་ལུས་ཀྱང་ལྷམ་མེར་མི་འདུག། ལྷན་ནེར་མི་འདུག། ལྷང་ངེར་མི་འདུག་གོ།། སྨད་འཚོང་མའི་བུ་མོ་གསེར་མཆོག་འོད་དཔལ་གྱིས། འཇམ་དཔལ
8b5 གཞོན་ནུར་གྱུར་པ་ལྷའི་བུ་གཞོན་ནུར་ལྟར་འདུག་ལ། ལུས་ལ་རྒྱན་གྱིས་བརྒྱན་ཅིང་། གསལ་བའི་གོས་ལེགས་པར་གྱོན་ལ། གོས་དེ་ལས་ཀྱང་འོད་འབྱུང་བར་མཐོང་སྟེ། མཐོང་མ་ཐག་ཏུ་དེ་བདག
8b6 གི་ལུས་ལ་བརྙས་པའི་འདུ་ཤེས་དང་། དམན་པའི་འདུ་ཤེས་སྐྱེས་ཤིང་། གོས་དེ་ལ་ཡང་མངོན་པར་འདོད་པ་དང་། བཟུང་བའི་འདུ་ཤེས་སྐྱེས་ནས། དེ་འདི་སྙམ་དུ་སེམས་ཏེ། ཚོང
8b7 དཔོན་གྱི་བུ་འདིས་ཆོག་གིས། བདག་ཤིང་རྟ་འདི་ལས་བབས་ལ། འདི་དང་ལྷན་ཅིག་ཏུ་དགའ་བ་དང་། རྩེ་བ་དང་། དགའ་དགུར་སྤྲད་ལ། གོས་འདི་ཡང་བསླང་བར་བྱའོ་སྙམ་མོ།། བུ
iiif viewer powered by OpenSeadragon
8a - 9a