| | e-texts navigator
|
235b1 མཐོང་བར་མི་འགྱུར་ཞིང་། ཉི་མའི་འོད་ཅི་འདྲ་བ་ཡང་མི་ཤེས་ཏེ། ཇི་ལྟར་གཞན་དག་གིས་ཉི་མའི་མཚན་ཉིད་འདི་ལྟ་བུ་ཞིག་ཡིན་ནོ་ཞེས་བསྟན་པ་དང་། དེ་ལྟར་གཞན་གྱི་སྒྲ་ལ
235b2 ཉི་མ་ཡིན་པར་མངོན་པར་ཞེན་ཏོ། ། རིགས་ཀྱི་བུ་དེ་བཞིན་དུ་ཆོས་ཐམས་ཅད་ནང་དུ་འདུས་ཤིང་། དབྱིངས་ཀྱི་ནང་དུ་འདུས་ཏེ། དབྱིངས་མེད་ཅིང་ཡི་གེ་མེད་པ། ཡི་གེ་དང་བྲལ་བ་ཆོས
235b3 ཐམས་ཅད་བརྗོད་དུ་མེད་པ་ཡིན་ན། རྐྱེན་གྱི་དབང་གིས་སྒྲ་འབྱུང་བར་འགྱུར་རོ།། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ནར་བྲག་དང་སྒྲ་ལ་བརྟེན་ནས་བྲག་ཆའི་སྒྲ་འབྱུང་ཡང་། རིགས་ཀྱི་བུ
235b4 རི་བྲག་གི་སྒྲ་ནི་སྟོང་པ་ཡིན་ནོ། ། རིགས་ཀྱི་བུ་དེ་བཞིན་དུ་རྐྱེན་ལ་བརྟེན་ནས་ཡི་གེའི་སྒྲ་འབྱུང་བར་འགྱུར་ཏེ། ཡི་གེའི་སྒྲ་ནི་སྟོང་པ་ཡིན་ནོ།། རིགས་ཀྱི་བུ་སེམས་ཅན་གང་དག་བརྗོད་པ་དེ་ཐམས
235b5 ཅད་སོ་སོར་ཡང་དག་པར་རིག་པའི་ནང་དུ་འདུས་པར་བལྟ་སྟེ། ཚིག་གིས་བརྗོད་པ་གང་ཡིན་པ་དེ་ནི། ཆོས་སོ་སོ་ཡང་དག་པར་རིག་པ་ཡིན་པར་བལྟ་བ་དང་། ཚིག་གིས་བརྗོད་པ་གང་ཡིན
235b6 བ་དེ་ནི། དོན་སོ་སོ་ཡང་དག་པར་རིག་པ་ཡིན་པར་བལྟ་བར་བྱའོ།། དེ་ལྟ་བས་ན་རིགས་ཀྱི་བུ་ཁྱོད་ཀྱིས་སེམས་ཅན་གྱི་གང་ཅུང་ཟད་གཡོ་བ་དེ་ཐམས་ཅད་ཆོས་ཀྱི་སྡོམ་བཞིར་འདུས་པར་བལྟ་བར་བྱ་སྟེ།
235b7 འབྱུང་པོ་དག་མི་ཤེས་པས་མི་གནས་ན་གཡོའོ།། དེ་ལྟར་ན་མི་དམུས་ལོང་དེ་ཇི་ལྟར་ཤེས་པ་དེ་བཞིན་ཆོས་ཉིད་དེ་ལ་མངོན་པར་ཞེན་ཏོ།། རིགས་ཀྱི་བུ་དོན་ཡོངས་སུ་ཚོལ་བར་འདོད་པས་རང་གི་རྒྱུད་ལས་ཡོང།
iiif viewer powered by OpenSeadragon
235a - 236a