| | e-texts navigator
|
233b1 ཆེན་པོ་གཡོས་པར་གྱུར་ཏོ། ། ཕྱོགས་བཅུ་ནས་ཀྱང་བྱང་ཆུབ་སེམས་དཔའ་གཟུགས་དང་། ཁ་དོག་དང་། ཚུལ་དུ་མ་འཆང་བ་དག་བཅོམ་ལྡན་འདས་ཀྱི་ཆོ་འཕྲུལ་ཆེན་པོ་དེ་མཐོང་ནས་འཇིག་རྟེན
233b2 གྱི་ཁམས་དེར་ཐམས་ཅད་འདུས་ཏེ། བཅོམ་ལྡན་འདས་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། རང་རང་གི་དགེ་བས་བསྒྲུབས་པས་འདུག་སྟེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས
233b3 ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། ངོ་མཚར་དུ་གྱུར་པ་དང་། རྨད་དུ་གྱུར་པས་འཛུམ་དམྱལ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།།
233b4 བཅོམ་ལྡན་འདས་བདག་ཅག་གིས་འོད་ཟེར་གྱི་ཆོ་འཕྲུལ་དུ་མ་དག་མཐོང་ལགས་ཏེ། བཅོམ་ལྡན་འདས་བདག་ཅག་གིས་འོད་ཟེར་གྱི་སྣང་བ་འདི་ལྟ་བུ་དག་སྔོན་ནམ་ཡང་མ་མཐོང་ལགས་སོ།། བཅོམ་ལྡན
233b5 འདས་འདིའི་དོན་དེ་ནི་ལེགས་པ་ལགས་ཏེ། གང་བཅོམ་ལྡན་འདས་ཀྱིས་འཛུམ་པ་དེ་ལྟ་བུ་མཛད་པའི་དོན་དེ་བདག་ཅག་ལ་ཐུགས་བརྩེ་བར་དགོངས་ཏེ་ལུང་བསྟན་དུ་གསོལ། དེ་ནས་བྱང་ཆུབ
233b6 སེམས་དཔའ་འོད་འཕྲེང་གིས། བཅོམ་ལྡན་འདས་ལ་ཚོགས་སུ་བཅད་དེ་གསོལ་པ། རྣམ་འདྲེན་གང་ཟག་མཆོག་སྟེ་ཐུགས་རྗེ་ཅན།། རྒྱུ་མ་མཆིས་པར་འཛུམ་པ་མི་མཛད་ན།། བདག
233b7 དང་འཇིག་རྟེན་སྣང་མཛད་ཐུགས་རྗེ་ཅན། ། འཛུམ་མཛད་རྒྱུ་དང་མཛད་རྒྱས་པར་གསུངས།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཆོས་འཕགས་འཛམ་བུ་ཆུ་བོའི་གསེར་ལྟར་སྣང་ཞིང
iiif viewer powered by OpenSeadragon
233a - 234a