| | e-texts navigator
|
156a1 ཆུ་བོ་ལས་བརྒལ་བ། ཡེ་ཤེས་ཡོངས་སུ་རྫོགས་པ། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས
156a2 ལ་གནས་པ། མྱ་ངན་ལས་འདས་པ་ལ་མི་གནས་པ། ཡང་དག་པ་ཉིད་ཀྱི་མཐའ་ལ་གནས་པ།། སེམས་ཅན་ཐམས་ཅད་ལ་གཟུགས་པའི་ས་ལ་བཞུགས་ཏེ། འདི་དག་ནི་དེ་བཞིན་གཤེགས
156a3 པའི་ཡང་དག་པའི་ཕྱེ་བའི་ཡོན་ཏན་ཡིན་ནོ། ། སངས་རྒྱས་རྗེས་སུ་དྲན་པ་རྫོགས་སོ།། རྒྱ་གར་སྐད་དུ། ཨཱརྱ་སརྦ་དྷརྨ་པྲ་བྲིད་ཏི་ནི་རིང
156a4 ཤ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཆོས་ཐམས་ཅད་འབྱུང་བ་མེད་པར་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། །། བམ་པོ་དང་པོ།
156a5 སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་བྱ་རྒོད་ཕུང་པོའི་རི་ལ། དགེ
156a6 སློང་ལྔ་བརྒྱ་ཙམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། བྱང་ཆུབ་སེམས་དཔའ་སྟོང་ཕྲག་བཅུ་གཉིས་འདུས་པ་ཡང་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ
156a7 ཆེན་པོ་བཀོད་པ་རབ་ཏུ་བརྒྱན་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེང་གེའི་རྩལ་གྱིས་འགྲོ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་ཟེར་ཐོགས་པ་མེད་པས
iiif viewer powered by OpenSeadragon
155b - 156b