| | e-texts navigator
|
146a1 པ་གང་དག་འབྱུང་ཞིང་སྐྱེ་བ་དེ་དག་ཐམས་ཅད་ནི་བྱིས་པ་ལས་སྐྱེའི་མཁས་པ་ལས་ནི་མ་ཡིན་ནོ་སྙམ་མོ། ། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ཕྱེ་མ་རེད་ནང་དུ་ཡང
146a2 དག་པར་འཇོག་ལས་ལངས་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ།། ཕྱོགས
146a3 གཅིག་ཏུ་འདུག་ནས། ཚེ་དང་ལྡན་པ་ཀུན་དགའ་བོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་འདིར་བདག་གཅིག་པུ་དབེན་པར་མཆིས་ཏེ། ནང་དུ་ཡང་དག
146a4 བཞག་ན། སེམས་ལ་སེམས་ཀྱི་རྣམ་པར་རྟོག་པ་འདི་ལྟ་བུ་དག་སྐྱེས་ཏེ། འཇིགས་པ་གང་དག་འབྱུང་ཞིང་སྐྱེ་བ་དེ་དག་ཐམས་ཅད་ནི་བྱིས་པ་ལས་སྐྱེའི་མཁས་པ་ལས་ནི་མ་ལགས་སོ།། །
146a5 ཡམས་ཀྱི་ནད་གང་དག་དང་། གནོད་པ་དང་། ནད་འགོ་བ་དང་། འཁྲུག་པ་གང་དག་འབྱུང་ཞིང་སྐྱེ་བ་དེ་དག་ཐམས་ཅད་ནི་བྱིས་པ་ལས་སྐྱེའི། མཁས་པ་ལས་ནི་མ་ཡིན་ནོ་སྙམ་མོ།།
146a6 ཀུན་དགའ་བོ་དེ་དེ་བཞིན་ནོ།། དེ་དེ་བཞིན་ཏེ། དཔེར་ན་འདམ་བུ་སྐམ་པོའི་ཁང་པའམ། རྩཝ་སྐམ་པོའི་ཁང་པ་འམ། སོག་མ་སྐམ་པོའི་ཕུང་པོ་དག་ལ་མེ་བཏང་ན། དེ་རྣམས་ཀྱང
146a7 ཚིག་པར་བྱེད་དོ། ། དེ་བཞིན་དུ་འཇིགས་པ་གང་དག་འབྱུང་ཞིང་། སྐྱེ་བ་དེ་དག་ཐམས་ཅད་ནི་བྱིས་པ་ལས་སྐྱེའི། མཁས་པ་ལས་ནི་མ་ཡིན་ནོ།། ཡམས་ཀྱི་ནད་གང་དག་དང་།།
iiif viewer powered by OpenSeadragon
145b - 146b