e-texts navigator
Collection
Volume
Page
Wylie

145a1 ཕས་ཕམ་པ་བཅུ་ལྡན་པར་བྱས་ན། དབུགས་གང་ཙམ་ལ་ཁམས་འདི་དང་། ཁམས་གཞན་གྱི་མཚམས་མེད་པའི་སེམས་ཅན་དམྱལ་བ་དང་། ཕྱོགས
145a2 བཅུ་མ་ལུས་པ་ན། མཚམས་མེད་པའི་སེམས་ཅན་དམྱལ་བར་མ་ཕྱིན་པ་མེད་དོ།། སེ་གོལ་ཐབས་གཅིག་གཏོགས་པའི་སྲིད་གཅིག་ཆོས་ཀྱི་སྒོ་འདི་ཁྱེར་ཏེ། ཕྱི་མའི་བསྐལ་པ
145a3 མཐའ་མའི་ཚེ། མ་ལོབས་པ་ལ་འབྱུང་ཞིང་བསྟན་ན། མི་དེའི་ཁ་ན་མ་ཐོ་བའི་སྡིག་སེམས་ཀྱི་སྐད་ཅིག་ཙམ་གྱི་བར་དུ་ཚངས་ཤིང་འབྱུང་སྟེ། སེམས་ཅན་དམྱལ་བའི་སྡུག་བསྔལ
145a4 གྱི་རྒྱུ་ལས་ཐར་ནས། བདེ་བའི་ཞིང་དུ་སྐྱེས་པར་འགྱུར་ཏེ། བསོད་ནམས་ཐོབ་པ་ནི། སྔ་མའི་སྦྱིན་པའི་བསོད་ནམས་ཀྱི་བརྒྱའི་ཆ་དང་། སྟོང་གི་ཆ་དང་། འབུམ་ཕྲག
145a5 ཁྲིའི་ཆ་དང་། དེ་བཞིན་དུ་བརྩིས་དང་། གྲངས་དང་། དཔེའི་བར་དུ་བསྐྲུན་དུ་མེད་དོ།། དགའ་བོ་སེམས་ཅན་ལ་ལ་ཞིག་གིས་མདོ་སྡེ་འདི་ཁ་ཏོན་དུ་འདོན་ཅིང་སྔགས་འང་གཟུངས
145a6 སུ་བཟུང་ན། བསྐལ་པ་མི་ཟད་པའི་བར་དུ་ཡང་ངས་བཤད་པར་མི་ནུས་སོ།། ཁྱེད་རྣམས་ངས་བཤད་པའི་གཞུང་བཞིན་དུ་སྤྱོད་ན། བྱང་ཆུབ་གྲུབ་ཀྱི་བར་དུ་བདུད་ཀྱི་ལམ་ལས་ཐར་རོ།།
145a7 དེ་སྐད་ཅེས་བཀའ་སྩལ་པ་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དང་། འཇིག་རྟེན་གྱི་ལྷ་ཐམས་ཅད་དང་། ལྷ་མ་ཡིན་དང




iiif viewer powered by OpenSeadragon

144b - 145b

Texts on this page

S230 - bcom ldan 'das kyi gtsug gtor chen po de bzhin gshegs pa'i gsang ba sgrub pa'i don mngon par thob pa'i rgyu byang chub sems dpa' thams cad kyi spyod pa dpa' bar 'gro ba'i mdo le'u stong phrag bcu pa las le'u bcu pa