e-texts navigator
Collection
Volume
Page
Wylie

144a1 དག་པ་མ་ཡིན་པའི་འདུ་ཤེས་མ་ཡིན་པས། འགོག་པ་ཐོབ་པའི་དུས་མེད་དོ།། དེ་བས་ན་ཁྱེད་མཐོང་བ་དང་། ཟོས་པ་དང་། ཚོར་བ་དང་། ཤེས
144a2 པ་མངོན་སུམ་དུ་འདུག་པའི་ནང་ནས། མི་མངོན་མཐོང་གཡོ་བ་ནི་གོམས་པའི་བག་ཆགས་སོ།། དེའི་མིང་ནི་བག་ཆགས་ཀྱི་གཞི་ཕྱིན་ཅི་ལོག་དང་པའི་ཕྲ་བའི་ཡང་ཕྲ་བ། ཡང་དག
144a3 པ་མ་ཡིན་པའི་འདུ་ཤེས་ཀྱི་ཕྱིན་ཅི་ལོག་ལྔ་པའོ། ། དགའ་བོ་ཕུང་པོ་ལྔ་པོ་འདི་ནི་ཡང་དག་པ་ཡིན་པ་ལྔ་ལས་གྲུབ་པ་སྟེ། ཁྱོད་དེ་ཤེས་པར་འདོད་ན། རྒྱུ་བའི་མཚམས་ནི་ཡང་བ
144a4 དང་། ཟབ་པ་དང་། སྟོང་པ་དང་གཟུགས་ནི་གཟུགས་ཀྱིས་མཐའ་ཡིན་ནོ།། རེག་པ་དང་བྲལ་བ་ནི་ཚོར་བའི་མཐའ་ཡིན་ནོ།། དྲན་པ་དང་བརྗེད་པའི་དུ་ཤེས་ཀྱི་མཐའ་ཡིན་ནོ།། སྐྱེ
144a5 བ་དང་འགོག་པ་ནི་འདུ་བྱེད་ཀྱི་མཐའ་ཡིན་ནོ། ། སང་ངེ་སང་ངེར་འཇུག་པར་སྦྱོར་བ་ནི། རྣམ་པར་ཤེས་པའི་མཐའི་མཐའ་ཡིན་ནོ།། ཕུང་པོ་དེ་ལྔ་ནི་ཚད་མེད་པ་སྐྱེ་སྐྱེ། སྐྱེ་སྐྱེ་བའི་རྒྱུའི
144a6 ཕྱིར་རྣམ་པར་ཤེས་པ་ཡོད་དོ། ། གཟུགས་ཀྱི་ཕྱིར་འགོག་པའོ།། དོན་རིགས་ནི་ཅིག་ཅར་སེལ་ཏེ། བག་ཆགས་ནི་ཅིག་ཅར་མི་འདག་སྟེ། རིམ་གྱིས་ཟད་དོ།། ངས་ཁྱོད་ལ་ལག
144a7 ཕྱིས་མདུད་པ་བསྟན་ན། མ་རིག་ན་ཅིའི་ཕྱིར་ངལ་སླར་འདྲི། ཁྱོད་ནི་མ་རིག་པའི་སེམས་རྩ་བའི་གཞི་དེ་ལས་བྲལ་ཏེ་ཐར་པར་འགྱུར་རོ།། ཁྱོད་ཆོས་ཀྱི་སྒོ་འདི་ཁྱེར་ཏེ། མ་འོངས




iiif viewer powered by OpenSeadragon

143b - 144b

Texts on this page

S230 - bcom ldan 'das kyi gtsug gtor chen po de bzhin gshegs pa'i gsang ba sgrub pa'i don mngon par thob pa'i rgyu byang chub sems dpa' thams cad kyi spyod pa dpa' bar 'gro ba'i mdo le'u stong phrag bcu pa las le'u bcu pa