| | e-texts navigator
|
143b1 ཀྱིས་མི་ཚོར་རོ། ། དགའ་བོ་འདི་འོན་ཏེ་དེ་ལྟ་མ་ཡིན་དུ་ཟིན་ན། ཁྱོད་ཀྱི་ལུས་ཅིའི་ཕྱིར་འགྱུར་བར་སྣང་། ཡང་དག་པར་མ་ཡིན་པ་འདྲུ། ཁྱོད་ཀྱིས་ཅིའི་ཕྱིར་ཡང་དག་པར་མི་ཚོར
143b2 ཁྱོད་འདུ་བྱེད་ཐམས་ཅད་ནི་ཡུད་ཙམ་གྱི་བར་དུ་ཡང་མི་སྡོང་ངོ་། ། དེའི་མིང་ནི་ཟབ་ཅིང་མི་མངོན་པའི་ཡང་དག་པ་མ་ཡིན་པའི་འདུ་ཤེས་བཞི་པའོ།། ཡང་ཁྱོད་དང་ཞིང་གསལ་བ་ཏིང་ངེར་མི་གཡོ
143b3 བར་གནས་དེའི་མིང་ནི་རྟག་པ་ཡིན་ན་ནི། ལུས་ལས་མཐོང་བ་དང་། ཐོས་པ་དང་། ཚོར་བ་དང་། ཤེས་པར་འགྱུར་མི་རིགས། དེ་སྟེ་དབེན་པར་གདའ་ཡང་ཐག་ན་ནི། མི
143b4 བདེན་པའི་བག་ཆགས་མེད་པར་རིགས་སོ། ། ཅིའི་རྒྱུས་ཁྱེད་ཅག་སྔོན་གྱི་དུས་ན་ངོ་མཚར་དག་ཅི་མཐོང་བ། ལོ་གྲངས་ཡུན་རིང་བའི་ཕྱིར་དྲན་པ་ཀུན་མེད་དེ། བརྗེད་ནས་ཅང་མི་དྲན་པ་ལས།།
143b5 ཕྱིས་ནི་སྔ་མ་མཐོང་བ་དང་གློ་བུར་དུ་དྲན་ཏེ། དེ་བཞིན་ཡོད་དེ་མ་སྟོར་ཏོ།། དེ་ནི་ངང་བ་མངོན་དུ་ཏིང་ངེར་མི་གཡོ་བའི་ནང་ནས་ཡུད་ཙམ་ཡུད་ཙམ་གྱིས་བསྒོས་པའི་གྲངས་ནི་རེ་ལྟ་ཞིག་ཡོད
143b6 དགའ་བོ་ཤེས་པར་གྱིས་ཤིག། འདི་ཏིང་ངེར་མི་གཡོ་བ་ནི། ཆུ་བཟང་པོ་འབབ་པ་དང་མཚུངས་སོ།། བལྟས་ན་ཏིང་ངེར་མི་གཡོ་བའི་ནང་ཡང་མྱུར་བར་རྒྱུ་བར་མི་མཐོང་སྟེ།
143b7 རྒྱུ་བ་མ་ཡིན་ནོ།། དེ་སྟེ་འདུ་ཤེས་ཀྱི་གཞི་མེད་ན། བག་ཆགས་ཀྱིས་མཚན་མ་གང་ཞིག་གིས་ལེན། ཁྱེད་ཀྱི་སྐྱེ་མཆེད་ནི་འཁྲུལ་པ་ལ་སྤྱོད་དོ།། སྦྱོར་བ་དང་ཕྱེ་བ་འདི་ཡང
iiif viewer powered by OpenSeadragon
143a - 144a