e-texts navigator
Collection
Volume
Page
Wylie

11a1 གནས་པ་ཞེས་བསྟན་པར་ནུས་སམ། བུ་མོས་སྨྲས་པ། འཇམ་དཔལ་དེ་ནི་མ་ལགས་སོ།། འཇམ་དཔལ་གྱིས་སྨྲས་པ། སྲིང་མོ་བྱང་ཆུབ་ཀྱང་ནང་ངམ། ཕྱི་རོལ་ལམ། གཉིས
11a2 ཀ་མེད་པར་རམ། བྱང་ཆུབ་དེ་སྔོན་པོ་འམཱ། སེར་པོ་འམ། དམར་པོ་འམ། དཀར་པོའམ། ལེ་བརྒན་ནམ། ཤལ་དང་། དངུལ་གྱི་ཁ་དོག་གམ། ཡུལ་ན་གནས་པ་འམ།། ཕྱོགས་ན་གནས་པ
11a3 ཞེས་བསྟན་པར་མི་ནུས་ཏེ། སྲིང་མོ་དེའི་ཕྱིར་གཟུགས་མཉམ་པ་ཉིད་ཀྱིས་བྱང་ཆུབ་མཉམ་པ་ཉིད་དོ།། བྱང་ཆུབ་མཉམ་པ་ཉིད་ཀྱིས་གཟུགས་མཉམ་པ་ཉིད་དེ། སྲིང་མོ་དེའི་ཕྱིར་ངས་ཁྱོད་ལ་འདི་སྐད་དུ
11a4 ཁྱོད་ཉིད་བྱང་ཆུབ་བོ་ཞེས་སྨྲས་སོ། ། སྲིང་མོ་དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་ག་འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་ནང་ངམ། ཕྱི་རོལ་ལམ། གཉིས་ཀ་མེད་པར་རམ། རྣམ་པར
11a5 ཤེས་པ་འདི་སྔོན་པོའམ། སེར་པོ་འམ། དམར་པོ་འམ། དཀར་པོ་འམ། ལཱ་བརྒན་ནམ། ཤེལ་དང་། དངུལ་གྱི་ཁ་དོག་གམ། ཡུལ་ན་གནས་པ་འམ། ཕྱོགས་ན་གནས་པ་ཞེས་བསྟན་པར་ནུས
11a6 སམ་བུ་མོས་སྨྲས་པ། འཇམ་དཔལ་དེ་ནི་མ་ལགས་སོ།། འཇམ་དཔལ་གྱིས་སྨྲས་པ། སྲིང་མོ་བྱང་ཆུབ་ཀྱང་ནང་ངམ། ཕྱི་རོལ་ལམ། གཉིས་ཀ་མེད་པར་རམ། བྱང་ཆུབ་དེ་སྔོན་པོ་འམ
11a7 སེར་པོ་འམ། དམར་པོ་འམ། དཀར་པོ་འམ། ལེ་བརྒན་ནམ། ཤེལ་དང་། དངུལ་གྱི་ཁ་དོག་གམ། ཡུལ་ན་གནས་པའམ། ཕྱོགས་ན་གནས་པ་ཞེས་བསྟན་པར་མི་ནུས་ཏེ། སྲིང




iiif viewer powered by OpenSeadragon

10b - 11b

Texts on this page

S225 - 'phags pa 'jam dpal rnam par rol pa zhes bya ba theg pa chen po'i mdo