| | e-texts navigator
|
364b1 ། ཟང་པར་བྱེད་པ་དེ།། དེ་ཡི་དོན་ནི་དྲན་སུམ་ཡིན། དེ་ནས་བཅོམ་ལྡན་འདས་ཀྱིས་ཡངས་པ་ཅན་གྱི་ཚོང་པ་རབ་ཏུ་མང་པོ་དགལ་ཆོས་ཀྱི་གཏམ་ཡང་དག་པར་བསྟན། ཡང་དག
364b2 པར་འཛིན་དུ་བཅུག། ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་དེ། རྣམ་གྲངས་དུ་མར་ཆོས་ཀྱི་གཏམ་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག།
364b3 ཡང་དག་པར་གཟངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས། གདན་ལས་བཞེངས་ཏེ་གཤེགས་སོ།། མདོ་ཆེན་པོ་རྒྱལ་མཚན་མཆོག་ཅེས་བྱ་བ་རྫོགས་སོ།།
364b4 ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། པྲཛྙཱ་བར་མ་དང་། ཞུ་ཆེན་གྱི་འཚལ་བན་དྷེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།།
364b5 ། རྒྱ་གར་སྐད་དུ། དྷྭ་ཛཱ་གྲ་ནཱ་ནཱི་མ་མ་ཧཱ་སཱུ་ཏྲམ་བོད་སྐད་དུ། མདོ་ཆེན་པོ་རྒྱལ་མཚན་དམ་པ་ཞེས་བྱ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།།
364b6 འདི་སྐད་བདག་གིས་ཐོས་པ་དུས་གཅིགན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དཀའ་ར་བ་ན་བཞུགས་སོ།། དེ་ནས
364b7 བཅོམ་ལྡན་འདས་ཀྱིས། དགེ་སློང་རྣམས་ལ་བཀའ་ལེ་ས། དགེ་སློང་དགགལ་ཏེ་བྱེད་ཅག་དགོན་པ་ན་འདུག་ཀྱང་རུང་། ཤིང་དྲུང་ན་འདུག་ཀྱང་རུང་། ཁྱིམ་སྟོང་ངན་འདུག་ཀྱང་རུང་སྟེ།
iiif viewer powered by OpenSeadragon
364a - 365a