e-texts navigator
Collection
Volume
Page
Wylie

336b1 ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ། ཕྱོགས་གཅིག་ཏུ་འདུག་ནས། བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད
336b2 ཅེས་གསོལ་ཏོ། ། བཙུན་པ་བདག་གཅིག་པུ་དབེན་པར་མཆིས་ཏེ། ནང་དུ་ཡང་དག་འཇོག་ལ་མཆིས་པ་ན། སེམས་ཀྱིས་སེམས་ཀྱིས་ཡོངས་སུ་རྟོག་པ་འདི་ལྟ་བུ་སྐྱེས་ཏེ། རིགས
336b3 ཀྱི་བུ་འམ། རིགས་ཀྱི་བུ་མོ་དད་པ་དང་ལྡན་པ་གང་ལ་ལ་སངས་རྒྱས་དང་། ཆོས་དང་། དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆིས་པའི་གང་ཟག་དེའི་བསོད་ནམས་ཇི་སྙེད་ཅིག
336b4 སོགས་པར་འགྱུར་སྙམ་བགྱིད་ལགས་སོ། ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཤཱ་རིའི་བུ་ཁྱོད་སྐུ
336b5 བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། སྐྱེ་བོའི་ཚོགས་ཕལ་པོ་ཆེའི་དོན་དང་། ལྷ་དང་མི་རྣམས་ལ་ཕན་པ་དང་། བདེ་བའི་ཕྱིར
336b6 ཞུས་པ་ལེགས་སོ་ལེགས་སོ། ། གང་ཁྱོད་དེ་བཞིན་གཤེགས་པའི་སྤྱན་སྔར་འོངས་ཏེ། དོན་འདི་ཡོངས་སུ་ཞུས་པར་སེམས་པ་དེ་ནི་ཤཱ་རིའི་བུ་དོན་ཉིད་རྣམ་པར་ཤེས་པར་བྱ་བའི་ཕྱིར་ཏེ།
336b7 དཔས་བསྟན་པར་བྱ་སྟེ། སྐྱེས་བུ་གང་ཟག་ཞིག་རྫུ་འཕྲུལ་གྱི་མཐུ་དེ་ལྟ་བུ་དང་ལྡན་པར་གྱུར་པས་གང་འདི་འཛམ་བུ་གླིང་དང་ཉེ་བའི་གླིང་ཞེང་དང་སྲིད་དཔག་ཚད་བདུན་སྟོང་ཡོད་པའི




iiif viewer powered by OpenSeadragon

336a - 337a

Texts on this page

S196 - 'phags pa gsum la skyabs su 'gro ba zhes bya ba theg pa chen po'i mdo