| | e-texts navigator
|
335a1 པས་ལྷ་དང་། མི་དང་། སྡེ་བརྒྱད་པོ་འདིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་མོས་པས་སྨོན་ལམ་བཏབ་པས། མ་འོངས་པའི་དུས་སུ་ལུས་སྤངས་ནས།། འཕག
335a2 པ་བྱམས་པའི་ཞལ་མཐོང་བ་དང་། ཐམས་ཅད་དགའ་ལྡན་གྱི་གནམ་དུ་སྐྱེ་བ་ཐོབ་པར་གྱུར་ཅིག། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱེད་ལ་སོགས་པ་མ་འོངས་པའི
335a3 དུས་སུ་བསོད་ནམས་བྱེད་པ་དང་། ཚུལ་ཁྲིམས་བསྲུངས་པ་དང་། ཐམས་ཅད་བྱང་ཆུབ་སེམས་དཔའ་བྱམས་པའི་དྲུང་དུ་སྐྱེ་བ་བླངས་ནས། བྱང་ཆུབ་སེམས་དཔའ་བྱམས
335a4 པས་བྱིན་གྱིས་རློབ་པར་འགྱུར་རོ། ། བཅོམ་ལྡན་འདས་ཀྱིས། ཨུ་བ་ལི་ལ་བཀའ་སྩལ་པ། ཨུ་པ་ལི་དེ་ལྟ་བུར་ལྟ་བ་ནི་ཡང་དག་པར་ལྟ་བ་ཞེས་བྱའོ།། གཞན་དུ་ལྟ་བ་ནི་ལོག
335a5 སྐད་ཅེས་གསོལ་ཏོ། ། ལེགས་སོ་བཅོམ་ལྡན་འདས་བྱམས་པའི་ཡོན་ཏན་ལེགས་པར་བཤད་དོ།། མ་འོངས་པའི་དུས་ཀྱི་ཚེ། བསོད་ནམས་བྱེད་པའི་སེམས་ཅན་འབྲས་བུ
335a6 ཐོབ་པ་བདག་ཅག་གིས་ཐོབ་པར་འཚལ་བས། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མཚན་ཅི་ལགས། བདག་ཅག་གིས་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས།
iiif viewer powered by OpenSeadragon
334b - 335b