e-texts navigator
Collection
Volume
Page
Wylie

334b1 དུས་ཀྱི་ཚེ་འདི་ལྟར་བལྟ་བར་བྱ་སྟེ། དགའ་ལྡན་ཡིད་ལ་བྱེད་པས། དེ་བཞིན་གཤེགས་པའི་སྡོམ་པ་བླངས་ན་ས། ཉིན་གཅིག་གམ་ཉི་མ་བདུན་གྱི་བར་དུ་དགེ་བ་བཅུ་ཡིད་ལ་བྱེད
334b2 བ་དང་། དགེ་བ་བཅུའི་ལམ་ལ་སྤྱོད་པའི་བསོད་ནམས་དེ་དག་བྱམས་པའི་མདུན་དུ་བསྔོ་ཞིང་སྨོན་ལམ་བཏབ་པ་དེ་དག་ནི་ལྟ་བ་དེ་དག་གིས་ལྷའི་བུ་མཐོང་བ་དང་པདྨ་མཐོང་བར་འགྱུར་རོ།།
334b3 གང་ལ་ལ་ཞིག་སྐད་ཅིག་ཙམ་བྱམས་པའི་མིང་ནས་བརྗོད་པའི་མི་དེ་དག་ནི་བསྐལ་པ་སྟོང་ཉིས་བརྒྱའི་སྐྱེ་ཤི་ལས་གྲོལ་ཞིང་སྡིག་བྱང་བར་འགྱུར་རོ།། བྱམས་པའི་མཚན་ཐོས་པས་ཐལ
334b4 མོ་སྦྱོར་བའི་མི་དེ་དག་ནི་བསྐལ་པ་ལྔ་བཅུའི་སྐྱེ་ཤི་ལས་ཐར་པར་འགྱུར་རོ། ། གང་ལ་ལ་ཞིག་བྱམས་པ་ལ་གུས་པར་ཕྱག་འཚལ་བས་བསྐལ་པ་བྱེ་བ་བརྒྱའི་སྐྱེ་ཤི་ལས་གྲོལ་ཐར་ཞིང་སྡིག
334b5 བྱང་བར་འགྱུར་རོ། ། ལྷའི་གནས་ལ་མི་ཆགས་ཤིང་མ་འོངས་པའི་དུས་སུ་ཀླུའི་སྡོང་པོ་བྱང་ཆུབ་ཀྱི་ཤིང་དྲུང་དུ། བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་དུ་སེམས་སྐྱེད་པའང་ཐོབ་པར་འགྱུར།
334b6 རོ།། དེ་སྐད་ཅེས་བཀའ་སྩལ་པ་དང་། འཁོར་མང་པོ་དཔག་ཏུ་མེད་པ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ནས། བྱམས་པའི་ཞབས་ལ
334b7 འང་ཕྱག་འཚལ་ནས། བཅོམ་ལྡན་འདས་དང་། བྱམས་པ་ལ་ལན་བརྒྱ་སྟོང་དུ་བསྐོར་ནས། ལན་མ་ཐོབ་པ་དག་རང་རང་གིས་སྨོན་ལམ་བཏབ་པ། བདག་ཅག་ལ་སོགས




iiif viewer powered by OpenSeadragon

334a - 335a

Texts on this page

S195 - 'phags pa byang chub sems dpa' byams pa dga' ldan gnas su skye ba blangs pa'i mdo