| | e-texts navigator
|
333a1 བུས་ལྷའི་རོལ་མོ་བྱེད་ཅིང་། མེ་ཏོག་མནྡཱ་ར་བ་དང་མནྡ་ར་བ་ཆེན་པོ་འཐོར་ཞིང་ལེགས་སོ་ལེགས་སོ་ཞེས་བསྔགས་པ་བརྗོད་ནས། རིགས་ཀྱི་བུ་ཁྱོད་ནི་འཛམ
333a2 བུ་གླིང་དུ་བསོད་ནམས་རྒྱ་ཆེན་པོ་བསགས་པ་ནས། འཆི་འཕོས་པའི་འོག་ཏུ་འདི་ནི་དགའ་ལྡན་གནས་ཞེས་བྱ་བ་ཡིན་ཏེ། འདི་ལྷའི་རྒྱལ་པོ་བྱམས་པ་ཞེས་བྱ་བ་ལ་ཁྱོད་སྐྱབས་སུ
333a3 གསོལ་ཕྱག་ཚོལ་ཅིག་དང་། ཕྱག་འཚལ་ན་སྨིན་མཚམས་ཀྱི་མཛོད་སྤུ་ནས་འོད་ཟེར་དཀར་པོས་རེག་པར་བྱས་ནས། བསྐལ་པ་དགུ་བཅུའི་སྐྱེ་ཤི་ལས་གྲོལ་ཐར་ཅིང་སྡིག་བྱང་བར་འགྱུར
333a4 རོ། ། དེ་ནས་བྱང་ཆུབ་སེམས་དཔའ་རྗེས་སུ་མཐུན་པའི་ཡོན་ཏན་ངོ་མཚར་གྱི་ཆོས་བཤད་ནས། བརྩོན་པ་མི་འདོར་བ་ཕྱིར་མི་ལྡོག་པའི་འཁོར་ལོ་དང་། བླ་ན་མེད་པའི་ལམ་ཡིད་ལ
333a5 སེམས་པ་དེ་ལུས་ལ་སོགས་པའི་སེམས་ཅན་སྡིག་པ་ཐམས་ཅད་བྱང་ཞིང་ཆོས་དྲུག་ལ་སྤྱོད་ན། ཐེ་ཙོམ་མེད་པར་ངེས་པར་དགའ་ལྡན་གྱི་གནམ་དུ་སྐྱེས་ནས། འཕགས་པ་བྱམས
333a6 པའི་ཞལ་མཐོང་། བྱམས་པའི་ཞབས་འབྲིང་བྱས་ནས། འཛམ་བུ་གླིང་དུ་དང་པོར་ཆོས་ཐོས་ནས། མ་འོངས་པའི་བསྐལ་པ་འདི་ཉིད་ཀྱི་སངས་རྒྱས་དང་། བསྐལ་པ་སྐར་མནྟ
333a7 བུའི་སངས་རྒྱས་ཐམས་ཅད་ཀྱི་ཡང་ཞལ་མཐོང་ནས། སངས་རྒྱས་དེ་དག་ཐམས་ཅད་ཀྱི་དྲུང་དུ་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་པར་འགྱུར་རོ།། ཨུ་པ་ལི་དེ་བཞིན་གཤེགས་པ་མྱ་ངན་ལས་འདས
iiif viewer powered by OpenSeadragon
332b - 333b