e-texts navigator
Collection
Volume
Page
Wylie

332a1 བར་བརྒྱན་པ། དབུའི་ཐོར་ཙུགས་དང་ལྡན་པ། དབུ་སྐྲ་བཻ་ཌཱུཪྻའི་ཁ་དོག་འདྲ་བ། ཤི་ཀྲ་པ་ལ་ཀྲ་དང་མ་འདི་དང་། རྐྱེན་ཤུགས་ཀྱི་རིན་པོ་ཆེས་ལྷའི
332a2 དབུ་བརྒྱན་བརྒྱན་པ། རིན་པོ་ཆེ་ལྷའི་དབུ་རྒྱན་དེ་དག་ལ་བྱེ་བ་ཕྲག་བརྒྱའི་རིན་པོ་ཆེའི་ཁ་དོག་རེ་རེའི་ནང་ནས་སྤྲུལ་པའི་དེ་བཞིན་གཤེགས་པ་དཔག་ཏུ་མེད་པ་བརྒྱ་སྟོང་ཕྲག་ཁྲིའི་སྤྲུལ་པའི་བྱང
332a3 ནུཆུབ་སེམས་དཔའ་མང་པོས་ཞབས་འབྲིང་བྱས་པ། ། དེ་ནས་ཞིང་ཁམས་གཞན་གྱི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཆོ་འཕྲུལ་བཅོ་བརྒྱད་སྟོན་ཅིང་ལྷའི་དབུ་རྒྱན་གྱི་ནང་ན
332a4 གནས་སོ། ། བྱམས་པའི་སྨིན་མཚམས་ནས་འོད་ཟེར་དཀར་པོ་བྱུང་སྟེ། འོད་ཟེར་དེ་དག་ལས་བརྒྱ་ཕྲག་གི་རིན་པོ་ཆེའི་ཁ་དོག་དང་ལྡན་པའི་མཚན་སུམ་ཅུ་རྩ་གཉིས། མཚན
332a5 རེ་རེའི་ནང་ནས་བྱེ་བ་ཕྲག་ལྔ་བརྒྱའི་རིན་པོ་ཆེའི་ཁ་དོག་དཔེ་བྱད་བཟང་པོ། དཔེ་བྱད་རེ་རེ་ལའང་བྱེ་བ་ཕྲག་ལྔ་བརྒྱའི་རིན་པོ་ཆེའི་མཚན་དང་དཔེ་བྱད་ཀྱི་ཁ་དོག་འབར་བའི་ལྷའི་བུ་རེ་རེའི
332a6 འོད་ཟེར་བརྒྱད་ཁྲི་བཞི་སྟོང་གི་སྤྲིན་ཐམས་ཅད་པདྨ་ལས་རང་རང་འདུག་ནས། ཉིན་མཚན་རྟག་པར་ཕྱིར་མི་ལྡོག་པའི་སའི་ཆོས་ཀྱི་འཁོར་ལོ་སྤྱོད་པ། བགྲོད་པ་གཅིག་ཅིང་དོན
332a7 ག་རུབ་པ་བྱེ་བ་ཕྲག་ལྔ་བརྒྱའི་ལྷའི་བུ་དེ་ཕྱིར་མི་ལྡོག་པའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་དག་ཏུ་དགའ་ལྡན་གྱི་གནམ་དུ་ཉིན་མཚན་རྟག་ཏུ་ཕྱིར་མི་ལྡོག་པའི་ཆོས་ཀྱི




iiif viewer powered by OpenSeadragon

331b - 332b

Texts on this page

S195 - 'phags pa byang chub sems dpa' byams pa dga' ldan gnas su skye ba blangs pa'i mdo