| | e-texts navigator
|
331b1 བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དགའ་ལྡན་གྱི་གནམ་དུ་དེ་ལྟ་བུའི་བདེ་སྐྱིང་ཕུན་སུམ་ཚོགས་པ་དེར། སྐྱེས་བུ་ཆེན་པོ་འདི་དུས་ཇི་ཙམ་དུ་འཛམ་བུ
331b2 གླེང་ནས་ལྷའི་གནས་དེ་ལྟ་བུར་སྐྱེ་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དུས་འདི་ནས་ལོ་བཅུ་གཉིས་ལོན་ནས་དཔྱ་དེ་ཟླ་འབྲིང་པོའི་ཚེས་བཅོ་ལྔའི་ཉི་མ་ལ་ཡུལ
331b3 ཝ་ར་ན་ཀྲ་པ་ལི་གྲོང་ཁྱེར་ན། བྲམ་ཟེ་ཆེན་པོ་པ་བ་ལི་ཞེས་བྱ་བའི་ཁྱིམ་ནས་སྐྱེ་བ་བླངས་པའི་ས་ནས་སྐྱིལ་མོ་ཀྲུང་བཅས་ནས་ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་བཞིན་དུ་ལུས
331b4 གསེར་གྱི་ཁ་དོག་དང་། འོད་ཟེར་དམར་པོ་ཉི་མ་བརྒྱ་སྟོང་པས་ལྷག། སྟེང་གི་དགའ་ལྡན་གྱི་གནམ་དུ། ལུས་ཀྱི་སྐུ་གདུང་ཡང་དཔེར་ན་གསེར་གྱི་གཟུགས་བཞིན་དུ་མི་གཡོ་མ
331b5 འགུལ་བར་ལུས་ཀྱི་འོད་ཟེར་གྱི་དཀྱིལ་འཁོར་གྱི་ནང་ནས་རྣམ་པར་ཐར་པ་གསུམ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡི་གེ་གསལ་བར་སྟོན་ཏེ། དེ་ནས་ལྷ་མི་ཐམས་ཅད་རྗེས
331b6 སུ་འབྲང་ནས། རིན་པོ་ཆེ་སྐུ་གདུང་གི་མཆོད་རྟེན་ལ་མཆོད་ནས། དེ་ནས་དགའ་ལྡན་གྱི་གནམ་དུ་རིན་པོ་ཆེ་སྣ་བདུན་གྱི་ཕོ་བྲང་ན་འདི་གཞལ་མེད་ཁང་སེང་གེའི་པདྨའི་སྟེང་དུ་སྐྱིལ་མོ
331b7 ཀྲུང་བཅས་ནས་ལུས་འཛམ་བུ་གསེར་གྱི་ཁ་དོག་བཞིན་དུ་རྫུས་ཏེ་སྐྱེས་ནས། སྐུ་ནུར་དཔག་ཚད་བཅུ་དྲུག། མཚན་སུམ་ཅུ་རྩ་གཉིས། དཔེ་བྱད་བཟང་པོ་བརྒྱད་ཅུས་རྫོ
iiif viewer powered by OpenSeadragon
331a - 332a