| | e-texts navigator
|
331a1 སྟེང་དུ་ཤེལ་གྱི་བུ་མོ་ཉི་ཤུ་རྩ་ལྔ་ལྔ། ཤེལ་གྱི་བུ་མོ་རེ་རེའི་ལུས་ཐམས་ཅད་ཀྱི་བ་སྤུའི་བུ་ག་རེ་རེའི་ནང་ནས་ལྷའི་གདངས་ལས་རྒྱལ་བའི་སྒྲ་སྙན་པ་འབྱུང་བ་སྤྲུལ་ལོ།། བཅོམ
331a2 ལྡན་འདས་ཀྱིས། ཨུ་བ་ལི་ལ་བཀའ་སྩལ་བ། དགའ་ལྡན་གྱི་ལྷའི་གནས་ཞེས་བྱ་བར་དགེ་བ་བཅུ་དང་། རྒྱལ་བ་ལ་དྲིན་བསབ་པ་དང་། ངོ་མཚར་ཆེ་བ་བསྐྱེད་པའི་བསོད་ནམས་ནི
331a3 ངས་བསྐལ་པ་རླུང་ངུ་གཅིག་གི་བར་དུ་འདུག་ནས། སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་དྲིནི་བསབ་པ་དང་། དགེ་བ་བཅུའི་འབྲས་བུ་བཤད་ཀྱང་རྫོགས་པའི་མཐའ
331a4 མེད་དེ། འདིར་ངས་ཁྱེད་ལ་སོགས་པ་ལ་མདོ་ཙམ་ཞིག་བཤད་ཅིང་བསྟན་པར་བྱའོ།། ཨུ་པ་ལི་དགེ་སློང་ངམ་འཁོར་ཐམས་ཅད་རུང་སྟེ། གང་ལ་ལ་ཞིག་སྐྱེ་ཤི་ལ་མི་སྐྱོ་བར་ལྷའི་གནས
331a5 སུ་སྐྱེ་བར་འདོད་ན། བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་བྱམས་པ་ཞབས་འབྲིང་བྱེད་འདོད་པར་ལྟ་བ་ནི། ཡན་ལག་ལྔའི་ཁྲིམས་དང་བརྒྱད་རྫོགས་པ། ལུས་སེམས་ཀྱི་བརྩོན
331a6 འགྲུས་རྒྱུན་མི་འཆད་པ། དགེ་བ་བཅུའི་ཆོས་ལ་སྤྱོད་པ། བདེ་སྐྱིད་ཕུན་སུམ་ཚོགས་པར་འདོད་པར། སེམས་རྩེ་གཅིག་ཏུ་དགའ་ལྡན་གྱི་གནས་སུ་སྐྱེ་བར་འདོད་པ་དེ་དག་ནི། ཡང
331a7 དག་པའི་བྷ་བ་ཞེས་བྱ། གཞན་དུ་སྐ་བ་ནི་ལོག་པར་རྩ་བ་ཞེས་བྱན། དེ་ནས་སུ་པ་ལི་སྙན་ལས་ལངས་ཏེ་གོས་ཆགས་བཅོས་ནས་གདིང་དང་སྤྱི་བོས་ཕྱག་འཚལ་ཏེ།
iiif viewer powered by OpenSeadragon
330b - 331b