| | e-texts navigator
|
330a1 རྒྱལ་པོ་ཆུང་ངུས་ཀྱང་རིན་པོ་རེ་སྣ་ཚོགས་ཀྱི་དྲ་བས་ཡོལ་བའི་སྟེང་དུ་བྲེས་པ། དེ་ནས་ལྷའི་བུ་དང་ལྷའི་བུ་མོ་བརྒྱད་སྟོང་གྲངས་མེད་པའི་འཁོར་གྱིས་རིན་པོ་ཆེའི་མེ
330a2 ཏོག་པདྨ་ཐམས་ཅད་ཁྱེར་ནས་ཁྲིའི་སྟེང་དུ་བརྡལ་བ། པདྨ་དེ་དག་ཐམས་ཅད་རིན་པོ་ཆེའི་རང་བཞིན་གྱི་བུ་མོ་བྱེ་བ་ཕྲག་ལྔ་བརྒྱ་འབྱུང་བ་དེ་དག་གི་ལག་ན་རྔ་ཡབ་དཀར་ངོའི་ཐོགས་པ་ཡོལ་བའི
330a3 ནང་ན་འདུག་པ། ཕོ་བྲང་ཟུར་བཞི་ལ་རིན་པོ་ཆེའི་ཀ་བ་བཞི་ཡོད་པ། རིན་པོ་ནིའི་ཀ་བ་རེ་རེ་ལའང་བརྒྱ་ཕྲག་སྟོང་གི་ཁང་པ་བརྩེགས་པ་བ་ར་མ་འདིའི་ནོར་བུ་ནི་བྲེས་ཀ་བར་ཀུན་ཏུ་ལྷའི
330a4 བུ་མོ་བརྒྱད་སྟོང་ཡོད། ཁ་དོག་ངོ་མཚར་ཆེ་བ་དཔག་ཏུ་མེད་པའི་རོལ་མོའི་ཆ་བྱད་ལག་ན་ཐོགས་པ། རོལ་མོའི་སྒྲའི་ནས་སྡུག་བསྔལ་བ་དང་། སྟོང་པ་དང་། མི་རྟག་པ་དང་། བདག
330a5 མེད་པ་དང་། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་སྒྲ་འབྱུང་བ། ལྷའི་ཕོ་བྲང་དེ་དག་ནས་རིན་པོ་ཆེའི་ཁ་དོག་དཔག་ཏུ་མེད་པ་བྱེ་བ་ཕྲག་བརྒྱ་ཡོད་པ། བུ་མོ་རེ་རེ་ཀུན་ཀྱང་རིན་པོ་ཆེའི་ཁ་དོག
330a6 དང་མཐུན་པར་སྤྲུལ་ཏོ། ། དེ་ནས་ཕྱོགས་བཅུའི་ལྷ་དཔག་ཏུ་མེད་པ་ཐམས་ཅད་དགའ་ལྡན་གྱི་ཕོ་བྲང་དུ་སྐྱེ་བ་ལེན་པར་སྨོན་ལམ་བཏབ་པོ།། དེ་ནས་དགའ་ལྡན་གྱི་ཕོ་བྲང་རྒྱལ་པོ་ཆེན་པོ་ལྔ་པོ་ལ
330a7 རྒྱལ་པོ་ཆེན་པོ་དང་པོ་ནི་རིན་པོ་ཆེའི་རྒྱལ་མཚན་ཞེས་བྱ་བ་ལུས་ལ་རིན་པོ་ཆེ་སྣ་བདུན་གྱི་ཆར་འབེབས་པས། ཕོ་བྲང་གི་ནང་དུ་འཐོར་བ། རིན་པོ་ཆེའི་ནོར་བུ་རེ་རེ་འང་རོལ་མོ་ན་སྤྱང
iiif viewer powered by OpenSeadragon
329b - 330b