e-texts navigator
Collection
Volume
Page
Wylie

329b1 ལས་ཆུ་བྱུང་བ་རིན་པོ་ཆེ་པདྨའི་ཁ་དོག་བཞིན་དུ་འབབ་པ། པདྨ་རེ་རེའི་སྟེང་དུ་ལྷའི་བུ་མོ་ཉི་ཤུ་རྩ་བཞི་བཞི། ལུས་ཀྱི་ཁ་དོག་ངོ་མཚར་ཆེ་བ་བྱང་ཆུབ་སེམས་དཔའ་བཞིན་དུ་བརྒྱན་པ།
329b2 ལུས་མཚན་དང་ལྡན་པ། ལག་ན་རིན་པོ་ཆེའི་རང་བཞིན་གྱི་སྣོད་བྱེ་བ་ཕྲག་ལྔ་བརྒྱ་སྤྲུལ། སྣོད་རེ་རེའི་ནང་ནས་ལྷའི་བདུད་རྩིའི་རང་བཞིན་ཐམས་ཅད་ཀྱིས་གང་བ། ཕྲག་པ་གཡོན་ན་ཐོགས་པ།
329b3 དོ་ཤལ་དཔག་ཏུ་མེད་པ་ཕྲག་པ་གཡས་ལ་ཐོགས་པ། རོལ་མོའི་ཆ་བྱད་དཔག་ཏུ་མེད་པ་སྤྲིན་བཞིན་དུ་ནམ་མཁའ་ལ་འདུག་པ། ཆུ་ལས་བྱུང་བ་བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ
329b4 ཕྱིན་པ་དྲུག་བརྗོད་པ། དགའ་ལྡན་གྱི་གནམ་དུ་སྐྱེས་པའི་ལྷའི་བུ་གང་ལ་ལ་ཞིག། རང་བཞིན་གྱི་ལྷའི་བུ་མོ་རྣམས་ཀྱིས་གཡོག་བྱས་པ། རིན་པོ་ཆེ་སྣ་བདུན་དག་གིས་སེང
329b5 གེའི་ཁྲི་འཕང་དུ་དཔག་ཚད་བཞི་ཡོད་པ། འཛམ་བུ་གསེར་དང་རིན་པོ་ཆེ་དཔག་ཏུ་མེད་པས་བརྒྱན་པ། ཟུར་བཞི་ལ་འདུག་པ། པདྨ་བཞི་ལས་སྐྱེས་པ། པདྨ་རེ་རེ་ལའང
329b6 རིན་པོ་ཆེ་ཕྲག་བརྒྱ་ལས་གྲུབ་པ། རིན་པོ་ཆེ་རེ་རེ་ལའང་བྱེ་བ་ཕྲག་བརྒྱའི་འོད་ཟེར། འོད་ཟེར་དེ་དག་ལས་ངོ་མཚར་ཆེ་བ་སྤྲུལ་པའི་རིན་པོ་ཆེ་སྣ་ཚོགས་ཀྱི་མེ་ཏོག་སྤྲུལ་པས་བརྒྱན་པ། རིན་པོ
329b7 ཆེའི་ཡོལ་བ་བྲེས་པ། དེའི་ཕྱོགས་ན་ཚངས་པའི་རྒྱལ་པོ་བྱེ་བ་ཕྲག་སྟོང་གི་རང་རང་གི་མཚན་པའི་ལྷའི་ངོ་མཚར་ཆེ་བའི་དྲིལ་བུ་ཁྱེར་ན་ས་ཡོལ་བའི་སྟེང་དུ་སྦྱངས་པ། ཚངས་པ




iiif viewer powered by OpenSeadragon

329a - 330a

Texts on this page

S195 - 'phags pa byang chub sems dpa' byams pa dga' ldan gnas su skye ba blangs pa'i mdo