e-texts navigator
Collection
Volume
Page
Wylie

329a1 ། ངའི་ཁ་དོག་ཐམས་ཅད་རྫོགས་པར་གྲུབ་པ། ཤེས་གྱི་ལ་དོག་བཞིན་གྱི་ནང་གསལ་དུ། རིན་པོ་ཆེ་དེ་དག་ནམ་མཁའ་སྟོང་པ་ལ་འཁོར་ཞིང་ངོ་མཚར་ཆེ་བའི
329a2 པོ་རིའི་ཕོ་ཟུང་རིམ་པ་བཞི་བཅུ་རྩ་དགུ་སྤྲུལ་པར་གྱུར་ཏོ། ། རེ་རེའི་ལམཐུན་རེ་རེའང་བྱེ་བ་འབུམ་ཕྲག་གི་རིན་པོ་ཆེ་པདྨ་འདས་སྦས་པ་ལས་གྲུབ་པ། ལན་ཐུན་གྱི་བར་ཐམས་ཅད་ན་རྫ
329a3 ཏེ་སྐྱེས་པའི་ལྷའི་བུ་བྱེ་བ་ཕྲག་དགུ་དང་། ལྕེའི་བུ་མོ་བྱེ་བ་ཕྲག་རྫ་བརྒྱ་ལ་སྤྱིའི་བུ་རེ་རེའི་ལག་ནས་རིན་པོ་ཆེ་སྣ་བདུན་ལས་གྲུབ་པའི་པདྨ་དཔག་ཏུ་མེད་པ་བྱེ་བ་ཕྲག་བཅུ་པདྨ་ར་རི།
329a4 སྟེང་དུ་འོད་བྱེ་བ་ཕྲག་དཔག་ཏུ་མེད་པ། འོད་དེ་དག་གི་ནང་ན་ལྷའི་རོལ་མོའི་ཆ་བྱད་མ་དཀྲོལ་བར་སྒྲ་རང་བྱུང་བ། སྒྲ་དེ་དག་བྱུང་བ་དང་། བུ་མོ་ཐམས་ཅད་ལངས་ནས་རོལ་མོའི་ཆ
329a5 བྱེབྱད་ཐོགས་ནས། གར་དང་གླུ་དབྱངས་སྙན་པ་ལེན་པའི་སྒྲ་ལས་དགེ་བ་བཅུ་དང་སྨོན་ལམ་བཞི་ལ་སོགས་པའི་སྒྲ་ལྷ་ཐམས་ཅད་ཀྱིས་ཐོས་པས་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས
329a6 བསྐྱེད་དོ། ། དེ་ནས་སྐྱེད་མོས་ཚལ་ཐམས་ཅད་ཀྱི་ནང་ན་སྐྱེད་མོས་ཚལ་ཁ་དོག་བརྒྱད་ཀྱི་བཻ་ཌཱུཪྻའི་རྫིང་བུ། རྫིང་བུ་རེ་རེའི་ནང་ན་བྱེ་བ་ཕྲག་ལྔ་བརྒྱའི་རིན་པོ་ཆེ་ལས
329a7 གྲུབ་པ། རྫིང་བུ་རེ་རེའི་ནང་ན་ཡན་ལག་བརྒྱད་དང་ལྡན་པའི་ནུས་གང་པོ། ཆུ་དེ་དག་ཀྱང་གྱེན་དུ་བབ་པ། སྒོ་བཞིའི་ཕྱི་རོལ་ན་རྫུས་ཏེ་སྐྱེས་པའི་པདྨ་བཞི། པདྨ་དེ་དག




iiif viewer powered by OpenSeadragon

328b - 329b

Texts on this page

S195 - 'phags pa byang chub sems dpa' byams pa dga' ldan gnas su skye ba blangs pa'i mdo