| | e-texts navigator
|
328a1 པ་འདི་མ་འོངས་པའི་དུས་སུ་རིང་པོ་མ་ཐོགས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཐོས་ནས། བདག་ཅག་གི་རིན་པོ་ཆེའི་དཔུང་རྒྱན
328a2 འདི་སངས་རྒྱས་ཀྱི་ཞིང་ཁམས་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་མཆོད་པའི་རྫས་སུ་གྱུར་ཅིག་ཅེས་ལྷའི་བུ་ཐམས་ཅད་རང་རང་པུས་མོ་བཙུགས་ཏེ། སྨོན་ལམ་དེ་སྐད་ཅེས་བཏབ་པ་དང
328a3 དེ་ནས་ལྷ་ཐམས་ཅད་ཀྱིས་སྨོན་ལམ་བཏབ་མ་ཐག་ཏུ་རིན་པོ་ཆེའི་དཔུང་རྒྱན་ཐམས་ཅད་བྱེ་བ་ཁྲི་ཕྲག་ལྔ་བརྒྱའི་གཞལ་མེད་ཁང་དུ་གྱུར་ཏེ། རིན་པོ་ཆེའི་གཞལ་མེད་ཁང་རེ་རེ་ལའང་སྐྱེད་མོས
328a4 ཚལ་བདུན་བདུན། སྐྱེད་མོས་ཚལ་རེ་རེའང་རིན་པོ་ཆེ་སྣ་བདུན་བདུན་ལས་གྲུབ་པ། རིན་པོ་ཆེ་རེ་རེ་ལས་ཀྱང་བྱེ་བ་ཕྲག་ལྔ་བརྒྱའི་འོད་ཀྱིས། འོད་ཟེར་རེ་རེ་ལས་བྱེ་བ་ཕྲག་ལྔ་བརྒྱའི
328a5 པདྨ། པདྨ་རེ་རེ་ལས་བྱེ་བ་ཕྲག་ལྔ་བརྒྱའི་རིན་པོ་ཆེ་སྣ་བདུན་གྱི་ཤིང་གྲི་འཕྲེང་བ། ཤིང་རེ་རེའི་ལོ་མ་ལས་ཀྱང་བྱེ་བ་ཕྲག་ལྔ་བརྒྱའི་རིན་པོ་ཆེའི་ཁ་དོག། རིན་པོ་རེའི་ཁ་དོག་རེ་ར་ལས
328a6 ཀྱང་བྱེ་བ་ཕྲག་ལྔ་བརྒྱའི་འཛམ་བུའི་གསེར་གྱི་འོད། འཛམ་བུའི་གསེར་གྱི་འོད་རེ་རེའི་ནང་ནས་ཀྱང་བྱེ་བ་ཕྲག་ལྔ་བརྒྱ་རིན་པོ་ཆེའི་ལྷའི་བུ་མོ། ལྷའི་བུ་མོ་རེ་རེའང་ཤིང་གི་དྲུང་ན་འདུག་ནས
328a7 ལག་ན་བྱེ་བ་ཕྲག་ལྔ་བརྒྱའི་རིན་པོ་ཆེ་གྲངས་མེད་པའི་དོ་ཤལ་ཐོགས། ངོ་མཚར་ཆེ་བའི་གླུ་དབྱངས་སྙན་པ་ལེན། གླུ་དབྱངས་སྙན་པའི་ནང་ནས་ཕྱིར་མི་ལྡོག་པའི་སའི་ཆོས་ཀྱི
iiif viewer powered by OpenSeadragon
327b - 328b