| | e-texts navigator
|
327b1 བྲལ། ཟག་པའང་མ་ཟད། མ་ཕམ་པ་འདི་ཉིད་དུ་རབ་ཏུ་བྱུང་བར་ཏིང་ངེ་འཛིན་མི་སྒོམ་ཉོན་མོངས་པ་མ་སྤངས་ན། བཅོམ་ལྡན་འདས་ངེས་པར་སངས་རྒྱས་པར་བཀའ་སྩལ་ན།
327b2 མ་ཕམ་པ་ཚེའི་དུས་བྱས་ནས་ཁམས་གང་དུ་སྐྱེ་བ་ལེན་པར་འགྱུར། དེ་ནས་བཅོམ་ལྡན་འདས་ཀྱིས། ཨུ་པ་ལི་ལ་བཀའ་སྩལ་པ། ཨུ་པ་ལི་རྗེ་གཅིག་ཏུ་གྱིས་ལ་ཉོན་ཅིག
327b3 དེ་བཞིན་གཤེགས་པ་ཐམས་ཅད་མཁྱེན་པས་འཁོར་འདིའི་ནང་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང།
327b4 རྒྱ་བར་འགྱུ་བར་ལུང་བསྟན་གྱིས། དུས་འདི་ནས་ལོ་བཅུ་གཉིས་ཀྱི་འོག་ཏུ་ཚེའི་དུས་བྱས་ནས་ངེས་པར་དགའ་ལྡན་གྱི་གནས་སུ་སྐྱེ་བ་ལེན་པར་འགྱུར་རོ།། དེ་ནས་དགའ
327b5 ལྡན་གྱི་གནམ་གྱི་སྟང་ན་ལྷའི་བུ་བྱེ་བ་ཕྲག་ཁྲི་ཕྲག་ལྔ་བརྒྱ་ཡོད་པ། ལྷའི་བུ་རེ་རེས་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་སྤྱོད་པས། སྐྱེ་བ་གཅིག་གིས་ཐོགས་པ་བྱང་ཆུབ་སེམས
327b6 དཔའ་ལ་མཆོད་པའི་དོན་དུ་ལྷའི་བསོད་ནམས་ཀྱི་མཐུས་གཞལ་མེད་ཁང་བྱས་ཏེ། རང་རང་གི་ལུས་ཀྱི་གོས་དང་། ཙན་དན་དང་། རིན་པོ་ཆེའི་དཔུང་རྒྱན་ཕུད་དེ། པུས་མོ་བཙུགས
327b7 ནས་ཐལ་མོ་སྦྱར་ཏེ་སྨོན་ལམ་འདི་སྐད་ཅེས་བཏབ་བོ། ། བདག་ཅག་གིས་རིན་ཏང་མེད་པའི་རིན་པོ་ཆེ་དང་། ལྷའི་དཔུང་རྒྱན་གྱིས་སེམས་དཔའ་ཆེན་པོ་ལ་མཆོད་པའི་དོན་དུ། མ་པམ
iiif viewer powered by OpenSeadragon
327a - 328a