| | e-texts navigator
|
326b1 ཡུལ་ཀུན་ཏུ་གསེར་གྱི་ཁ་དོག་ལྟ་བུའི་མེ་ཏོག་གི་ཆར་རབ་ཏུ་ཕབ་བོ། ། འོད་ཟེར་གྱི་ཁ་དོག་ལྟ་བུའི་ནང་ནས་སྤྲུལ་པའི་དེ་བཞིན་གཤེགས་པ་དཔག་ཏུ་མེད་པ་བརྒྱད་སྟོང་སྣང་བ་ཐམས་ཅད་ཀྱིས
326b2 གསུང་མཐུན་པར་བསྐལ་པ་འདི་ཉིད་དུ་བྱང་ཆུབ་སེམས་དཔའ་སྟོང་གི་དང་པོ་ལོག་པར་དད་སེལ་སངས་རྒྱས་པ་ནས། ཐ་མ་སྣང་མཛད་སངས་རྒྱས་པའི་དོན་བཀའ་སྩལ་ཏོ།། དེ་སྐད་ཅེས་བཀའ
326b3 སྩལ་ནས། ཚེ་དང་ལྡན་པ་ཀུན་ཤེས་ཀོའུ་དི་ནྱ་ཏིང་ངེ་འཛིན་ལས་ལངས་ནས། འཁོར་ཉིས་བརྒྱ་ལྔ་བཅུ་དང་། ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་འཁོར་ཉིས་བརྒྱ་ལྔ་བཅུ་དང་། ཚེ་དང་ལྡན་པ
326b4 མོའུ་འགལ་གྱི་བུ་འཁོར་ཉིས་བརྒྱ་ལྔ་བཅུ་དང་། ཚེ་དང་ལྡན་པ་ཤཱ་རིའི་བུ་འཁོར་ཉིས་བརྒྱ་ལྔ་བཅུ་དང་། མ་ཧཱ་པ་ཤ་པ་ཏི་ལ་སོགས་པ་དགེ་སློང་མ་སྟོང་དང་། ཁྱིམ་བདག་སུ་ཏ་ཤ་ལ་སོགས་པ
326b5 དགེ་བསྙེན་པ་སུམ་སྟོང་དང་། བྱི་ཤ་ཁྲ་འ་བོ་ཏ་ལ་སོགས་པ་དགེ་བསྙེན་མ་ཉིས་སྟོང་དང་། ཀུན་ཏུ་བཟང་པོ་ལ་སོགས་པ་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་བཅུ་དྲུག་དང་། ཆོས་ཀྱི
326b6 རྒྱལ་བུ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ལྔ་བརྒྱ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་ལ་སོགས་པའི་འཁོར་ཐམས་ཅད་དེ་བཞིན་གཤེས
326b7 པའི་འོད་ཀྱིས་བསྐུལ་ནས་སྤྲིན་བཞིན་དུ་འདུས་སོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་ལྗགས་ཀྱི་དབང་པོ་ལས་འོད་ཟེར་སྟོང་བྱུང་ནས། འོད་ཟེར་རེ་རེ་ལ་ཁ་དོག་སྟོང་སྟོང་། ཁ་དོག་རེ་རེ་ནས
iiif viewer powered by OpenSeadragon
326a - 327a