e-texts navigator
Collection
Volume
Page
Wylie

322a1 ལགས། དེ་ལ་ཇི་ལྟར་བརྟགས་ན་ནི་འཁྲུལ་པ་ལགས། དེའི་མནོར་བའི་རང་གི་ངོ་བོ་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་གཞི་ནི
322a2 ཕུང་པོ་རྣམས་སོ། ། འབྱུང་བ་རྣམས་སོ།། ཁམས་དང་སྐྱེ་མཆེད་རྣམས་སོ།། དེ་དག་སྒྱུ་མ་བཞིན་ཐ་སྙད་ཙམ་སྣང་བ་ལས་རྟག་པ་དང་ཐེར་ཟུག་ཏུ་བཟུང་ན་འཁྲུལ་པ་ཡིན་ནོ།། རང་བཞིན་སྐྱེ་བ་མེད་པ་ལ། དངོས
322a3 པོ་ཐ་སྐད་དུ་སྣང་བ་བསལ་ནས་མེད་པར་བརྟགས་ནའང་འཁྲུལ་པ་ཡིན་ནོ། ། དེའི་གཞི་མ་ནོར་བའི་རང་གི་ངོ་ང་ནི། ཆོས་དེ་དག་རང་བཞིན་མེད་པ་ཡིན་ནོ།། གསོལ་བ། འོན་ཡུལ་འཁྲུལ
322a4 པའི་གཞི་མ་མཆིས་ན། ཡུལ་འཁྲུལ་པ་སྣང་ཞེས་བགྱི་བ་ཇི་ལྟ་བུ་ལགས། བཀའ་སྩལ་པ། ཆོས་སྒྱུ་མ་བཞིན་ཐ་སྙད་ཙམ་དུ་སྣང་ཞིང་ཡོད་པ་དེ་སེམས་འཁྲུལ་པས་སྣང་བར་ནི་མི
322a5 བཟུང་གི། ཆོས་དེ་དག་གི་རང་བཞིན་སྐྱེ་བ་མེད་པར་ཤེས་ནས་རྟག་པ་ཐེར་ཟུག་ཏུ་བཟུང་བའི་འཁྲུལ་པ་སྣང་བ་ལ་སེམས་འཁྲུལ་པ་ཡུལ་དུ་སྣང་བར་ཟུང་ཞིག། དེ་ཅིའི་ཕྱིར་ཞེ་ན། ཆོས
322a6 རྣམས་ལ་གང་གིས་རྟག་པ་དང་ཐེར་ཟུག་ཏུ་བཟུང་ན་འཁོར་བར་འགྱུར་རོ། ། འཁོར་བར་གྱུར་ན་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་རྣམས་ཡོད་པར་འགྱུར་རོ།། དེ་ཡོད་པ་དང་། བདེ་བ
322a7 དང་། སྡུག་བསྔལ་རྣམས་མྱོང་བར་འགྱུར་རོ།། གང་གིས་ཆོས་རྣམས་ཀྱི་རང་བཞིན་སྐྱེ་བ་མེད་པར་ཤེས་ནས། ཆོས་རྣམས་ཀྱི་དངོས་པོ་རྟག་པ་ཐེར་ཟུག་དང་། མེད་པ་དང་། ཆད་པ




iiif viewer powered by OpenSeadragon

321b - 322b

Texts on this page

S193 - 'phags pa chos nyid rang gi ngo bo stong pa nyid las mi g.yo bar tha dad par thams cad la snang ba'i mdo