| | e-texts navigator
|
321a1 དང་། ཆོས་ལ་བརྟག་པའི་ཐབས་ལྔ་ཇི་ལྟ་བུ་ཡིན་པའི་དཔེ་ནི་རྒྱ་མཚོ་ལས་ཕྱོགས་བཞི་ནས་ཆུ་བབས་པས་བསྟན་ཏེ། ཕྱོགས་བཞི་ནས་ཆུ་བོ་བཞི་ཡན་ལག་མང་པོ་དང
321a2 བཅས་པ་ཕྱོགས་བཞི་ནས་བབ་ཀྱང་། གཞི་རྒྱ་མཚོ་ཆེན་པོ་ལས་བབ་པར་འདུས་པས། རྒྱ་མཚོ་ནི་ཕྱོགས་བཞི་ནས་འབབ་པའི་ཆུ་ཐམས་ཅད་ཀྱི་གཞི་ཡིན་ནོ།། སྤྱི་ཡིན་ནོ།། དེ་བཞིན་དུ་ཆོས
321a3 ལ་བརྟག་པའི་ཐབས་ལྔ་ཐ་དད་ཀྱང་། ངས་མདོ་སྡེ་བཅུ་གཉིས་བཤད་པ་ལ་བསྟེན་པ་ཡིན་པས། མདོ་སྡེ་བཅུ་གཉིས་ནི་གཞི་ཡིན་ནོ།། སྤྱི་ཡིན་ནོ།། འཇམ་དཔལ་ཁྱོད་འདི་སྐད་དུ།
321a4 ཆོས་ལ་བརྟག་པའི་ཐབས་ལྔ་པོ་འདི་དག་ལྟར། སོ་སོར་རྟོག་པའི་གང་ཟག་མ་འོངས་པའི་དུས་ནའང་འབྱུང་ང་བར་འགྱུར་ལགས་སམ་ཞེས་ཟེར་བ་ནི། ད་ལྟར་ངས་ཆོས་རྣམས་ཀྱི་རང་གི་ངོ་བོ་ཉིད
321a5 ཇི་ལྟ་བ་བཞིན་དུ་སྟོན་པའང་འཁོར་འདུས་པ་རྣམས་ལ་རྟོག་པ་འདི་ལྟ་བུར་ཐ་དད་པར་གྱུར་ན། ང་མྱ་ངན་ལས་འདས་ནས་ཐ་དད་པར་གྱུར་པ་ལྟ་ཅི་སྨོས་ཏེ། ཆེས་མང་བར་འགྱུར་རོ།།
321a6 འཇམ་དང་ལང་མྱ་ངན་ལས་འདས་ནས་ལོ་ལྔ་བརྒྱ་དང་། དགུ་བརྒྱ་དང་། སྟོང་དགུ་བརྒྱ་དང་། ཉིས་སྟོང་དང་། ཉིས་སྟོང་ལྔ་བརྒྱའི་བར་དུ་ཆོས་ལ་བརྟག་པའི་ཐབས་ལྔ་པོ་འདི་དག་སོ་སོར
321a7 རྟོག་པའི་གང་ཟག་རིམ་པར་འབྱུང་བར་འགྱུར་རོ། ། འཇམ་དཔལ་ཁྱོད་འདི་སྐད་དུ། ཆོས་ལ་བརྟག་པའི་ཐབས་ལྔ་པོ་འདི་དག་ལ་སློབ་པའི་གང་ཟག་རྣམས་དོན་ལགས་པ་དང་། མ་ལགས
iiif viewer powered by OpenSeadragon
320b - 321b