| | e-texts navigator
|
320b1 འཇམ་དཔལ་རྣམ་པར་མ་བརྟགས་པའི་ཚེ། གྲོང་ཁྱེར་གྱི་རི་ལས་མི་འཆར་བ་མ་ཡིན་པ་དེ་བཞིན་དུ། ཆོས་ལ་བརྟག་པའི་ཐབས་འདི་དག་ཀྱང་ཡང་དག་པ་ཕྱིན་ཅི་མ་ལྡོག་པ་སངས་རྒྱས་ཀྱི་སྤྱོད་ཡུལ
320b2 ལས་མ་གཏོགས་པ་གཞན་བཞི་པོ་དེ་བཞིན་དུ་སྣང་ངོ་། ། འཇམ་དཔལ་རང་གི་གྲོང་ཁྱེར་གྱི་རྀ་དེ་ལས་ཡང་དག་པར་འཆར་བ་མ་ཡིན་པ་དེ་བཞིན་དུ། བཞི་པོ་ནི་རྟོགས་པའི་ཐབས་བློའི་རིམ་པ
320b3 ལ་དེ་ལྟར་སྣང་སྟེ། དོན་ཡང་དག་པ་ཉིད་མ་ཡིན་ནོ།། འཇམ་དཔལ་བརྟག་པ་ལྔ་པོ་དི་དག་ལས་རྣམ་པར་གྲོལ་བ་མཚུངས་པར་ཐོབ་པའི་དཔེ་ནི་ནོར་བུ་རིན་པོ་ཆེས་བསྟན་ཏེ། རིན་པོ་ཆེ་དེའང།
320b4 སེམས་ཅན་རྣམས་ཀྱིས་བསྟན་པའི་ལས་བྱས་པ་དང་། མ་བྱས་པ་ཡོད་དེ། གང་ཟག་རྟོག་པ་མེད་པ་དང་། ལོག་པར་རྟོག་པ་རྣམས་ཀྱིས་ནི་ཆོས་ལ་བརྟག་པའི་ཐབས་ལྔ་ལ་མི་སྟེན་པ་སྟེ།
320b5 རིན་པོ་ཆེ་བསྟན་པའི་ལས་མ་བྱས་པའི་གང་ཟག་གིས་རིན་པོ་ཆེ་མི་རྙེད་པ་དང་། དགོས་པ་འབྱུང་བ་དེ་བཞིན་དུ། དེ་དེ་དག་ལ་མི་སྤྱོད། མི་སེམས་པས། ཁམས་གསུམ་ལས་མི་ཐར་པ་ཡིན
320b6 ནོ། ། བསྟེན་པའི་ལས་བྱས་པས་ནི། ཁྱམ་པར་དུ་བསགས་པ་དང་། ཆེར་བསགས་པ་དང་། ཅུང་ཟད་ཙམ་བསགས་པ་རྣམས་ལ་རིན་པོ་ཆེའི་དགོས་པའང་རིམ་པ་གསུམ་དུ་འབྱུང་བ་དེ
320b7 བཞིན་དུ། ཡང་དག་པ་ཕྱིན་ཅི་མ་ལོག་པ་དང་། ལྷག་མ་བཞི་པོ་བརྒྱུད་པར་བརྟག་པ་ཐེག་པ་ནི་ཆུང་རིམ་པ་གསུམ་ཡང་དཔེའི་རིམ་པ་བཞིན་ནོ།། ངས་ཤད་པའི་མདོ་སྡེ་བཅུ་གཉིས
iiif viewer powered by OpenSeadragon
320a - 321a