| | e-texts navigator
|
320a1 བོ་རྣམས་ཀྱིས་རྟོགས་པའོ། ། ལྷག་མ་ནི་ཡང་དག་པ་སྟེ། མཆོག་ཏུ་གྱུར་པའི་རྟོགས་པའོ།། འཇམ་དཔལ་ཁྱོད་ཀྱིས་འདི་སྐད་དུ། ཆོས་པ་བརྟག་པའི་ཐབས་ལྔ་པོ་འདི
320a2 དག་གིས་རྣམ་པར་གྲོལ་བར་ནི་མཚུངས་ལགས་སམ་ཞེས་ཟེར་བ་ནི། ཤེས་རབ་མཆོག་ཏུ་གྱུར་པའི་རྟོག་པ་ཡང་དག་པ་ལས་ལྷག་མ་བཞི་པོ་གཅིག་ལས་གཅིག་བརྒྱུད་པའི་ཁྱད་པར་གྱིས་ཉེ་རིང་ཡོད
320a3 ཀྱང་། རྣམ་པར་གྲོལ་བ་འཐོབ་པར་མཚུངས་པར་ལྟའོ།། འཇམ་དཔལ་ཁྱོད་ཀྱིས་འདི་སྐད་དུ། ཆོས་ལ་བརྟག་པའི་ཐབས་ལྔ་པོ་འདི་དག་ལ། གང་ཟག་གི་རིགས་ནི་མཆིས་ལགས་སམ་ཞེས་ཟེར
320a4 བ་ནི་ཐེག་པ་ཆུང་ངུའི་རིགས་དང་། ཐེག་པ་ཆེན་པོ་གཉིས་ཀྱིས་ཆོས་ལ་བརྟག་པའི་ཐབས་ལྔ་ལས། གཞི་ལས་བརྒྱུད་ནས་ལྷག་མ་གཅིག་པུ་ཡང་དག་པ་ཕྱིན་ཅི་མ་ལོག་པ་སངས་རྒྱས་ཀྱི་སྤྱོད
320a5 ཡུལ་རྟོག་པར་བྱེད་དོ། ། འཇམ་དཔལ་ཁྱོད་ཀྱིས་འདི་སྐད་དུ། ཆོས་ལ་བརྟག་པའི་ཐབས་ལྔ་པོ་འདི་དག་ལ་ཐ་དད་པར་སྣང་བའི་མཐུན་པའི་དཔེ་ནི་ཇི་ལྟར་ལགས་ཞེས་ཟེར་བ་ནི། ཆོས་ཀྱི་གཞི
320a6 ལས་ཐ་དད་པར་རྟོག་པའི་དཔེ་ནི་འཛམ་བུ་གླིང་དུ་ཉི་མ་འཆར་བས་བསྟན་ཏེ། འཇམ་དཔལ་འཛམ་བུའི་གླིང་དུ་ཉི་མ་འཆར་བ་དཔག་ཚད་བཞི་ཁྲི་ནམ་མཁའ་ལ་འཆར་བའི་ཚེ། མི་རྣམས་ཀྱིས
320a7 རང་གི་གྲོང་ཁྱེར་དང་རི་དེ་ལ་ཤར་བ་སོ་སོ་ནས་རྟོག་གོ། ། དེ་བཞིན་དུ་ད་ལྟར་གྱི་འཁོར་འདུས་པ་འདི་དག་གིས་ཆོས་ཀྱི་གཞི་གཅིག་ལ་སོ་སོར་རྟོག་གོ།། སོ་སོར་མཐོང་ངོ་།། སོ་སོར་འཛིན་ཏོ།།
iiif viewer powered by OpenSeadragon
319b - 320b