e-texts navigator
Collection
Volume
Page
Wylie

318b1 འདས་ཀྱི་ལྗགས་ཀྱི་དབང་པོ་ལ་སླར་འདུས་པར་གྱུར་ཏོ། ། དེ་ནས་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས
318b2 བཅོམ་ལྡན་འདས་ནི་རྣམ་གྲངས་དང་དབྱེ་བའི་ཆོས་ལ་རྟོག་པར་མི་མཛད་ཀྱང་། འཁོར་འདུས་པ་དེ་འདི་དག་མོས་པ་དང་། རྟོག་པ་ཐ་དད་པ་དེ་ཅི་ལས་གྱུར། བཅོམ་ལྡན་འདས་ཆོས་ལ་བརྟགས
318b3 པའི་ཐབས་ལྔ་པོ་འདི་དག་ཀུན་ཡང་དག་པ་ལགས་སམ། འོན་ཏེ་ཁ་ཅིག་ནི་ཡང་དག་པ་ལགས་ལ། ཁ་ཅིག་ནི་ཡང་དག་པ་མ་ལགས་སམ། བཅོམ་ལྡན་འདས་ཆོས་ལ་རྟགས་པའི
318b4 ཐབས་ལྔ་པོ་འདི་དག་གིས་རྣམ་པར་གྲོལ་བ་ཐོབ་པར་ནི་མཚུངས་ལགས་སམ། བཅོམ་ལྡན་འདས་ཆོས་ལ་བརྟག་པའི་ཐབས་ལྔ་པོ་འདི་ལ་གང་ཟག་རིགས་ནི་དུ་མཆིས་ལགས་སམ།
318b5 བཅོམ་ལྡན་འདས་ཆོས་ལ་བརྟག་པའི་ཐུངས་ལྔ་པོ་འདི་དག་ལ་ཐ་དད་པར་སྣང་བའི་མཐུན་པའི་དཔེ་ནི་ཇི་ལྟར་ལགས། བཅོམ་ལྡན་འདས་ཆོས་ལ་བརྟག་པའི་ཐབས་ལྔ་པོ་འདི་ལྟར་སོ
318b6 སོར་རྟོག་པའི་གང་ཟག་མ་འོངས་པའི་དུས་ནའང་འབྱུང་བར་འགྱུར་ལགས་སམ། བཅོམ་ལྡན་འདས་ཆོས་ལ་བརྟག་པའི་ཐབས་ལྔ་པོ་འདི་དག་ལ་སློབ་པའི་གང་ཟག་རྣམས་དོན་ལགས་པ
318b7 དང་། མ་ལགས་པར་རྩོད་པར་མི་འགྱུར་ལགས་སམ། བཅོམ་ལྡན་འདས་འཁོར་འདུས་པ་འདི་དག་གི་ཐེ་ཙོམ་གྱི་དྲ་བ་གཅད་པའི་སླད་དུ་བདག་ལ་བཤད་དུ་གསོལ།། དེ་སྐད་ཅེས་གསོལ




iiif viewer powered by OpenSeadragon

318a - 319a

Texts on this page

S193 - 'phags pa chos nyid rang gi ngo bo stong pa nyid las mi g.yo bar tha dad par thams cad la snang ba'i mdo