e-texts navigator
Collection
Volume
Page
Wylie

317b1 གཡོ་བར་བཞུགས་སོ། ། དེའི་ཚེ་གནས་དེར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚད་མེད་གྲངས་མེད་པ་དག་ཀྱང་འདུས། ལྷ་དང་། མི་དང་། ལྷ་མ་ཡིན་ལ་སོགས་པ་འཁོར་བ་ལ
317b2 པོ་ན་ཐམས་ཅད་འདུས་པར་གྱུར་ཏོ། ། དེ་ནས་འཁོར་འདུས་པ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ལ་ཡང་དང་ཡང་དུ་སྐོར་བར་བྱེད་ཅིང་ཕྱག་འཚལ་ཏེ། རང་རང་གི་ཕྱོགས་བྱོས
317b3 སུ་འདུག་སྟེ། མཆོད་པའི་མཆོག་ཐམས་ཅད་ཀྱིས་མཆོད་པར་བྱེད། བསྟི་སྟང་དུ་བྱེད། རི་མོར་བྱེད་པ་ལ་ཡིད་སྐྱོ་བར་མི་བྱེད་དོ།། ཆོས་མཉན་པར་བརྩམས་ཏེ། མགོ་བཏུད་ནས
317b4 འཇུག་པར་གྱུར་ཏོ། ། དེའི་ཚེ་བཅོམ་ལྡན་འདས་ནི་རྣམ་གྲངས་དང་དབྱེ་བའི་ཆོས་ལ་རྟོག་པར་མི་མཛད་ཀྱང་། སྨོན་ལམ་དང་ཐུགས་རྗེའི་བྱིན་གྱི་རླབས་ཀྱིས། འཁོར་རྣམས་ཀྱིས་སོ་སོར་ས
317b5 སོའི་མོས་པ་དང་། བསམ་པ་ཇི་ལྟ་བ་བཞིན་དུ་གསུང་སྒྲོགས་པར་སྣང་སྟེ། བཅོད་ལྡན་འདས་ནི་བདག་ལ་ཆོས་སྟོན་ཏེ། གཞན་དག་ལ་ནི་མ་ཡིན་ནོ་སྙམ་མོ།། དེརང་འཁོར་ཕལ་པོ
317b6 ཚེཆེ་དེ་དག་ལས་ཀྱང་ཁ་ཅིག་གིས་ནི་ཆོས་ཐམས་ཅད་ཇི་ལྟར་སྣང་བ་བཞིན་དུ་ཡོད་པའི་ཆོས་སྟོན་ཏོ་སྙམ་སྟེ། དེ་ལ་ངེས་པར་འཛིན་ཅིང་རྟོག་པར་བྱེད་དོ།། ཁ་ཅིག་གིས་ནི་ཆོས་ཐམས་ཅད་ནི
317b7 སེམས་ཙམ་ལས་མ་གཏོགས་པ་གཞན་མེད་པའི་ཆོས་སྟོན་ཏོ་སྙམ་སྟེ། དེ་ལ་ངེས་པར་འཛིན་ཅིང་རྟོག་པར་བྱེད་དོ།། ཁ་ཅིག་གིས་ནི་སེམས་ཉིད་ཀྱང་མ་སྐྱེས་པ་ཡིན་པར་བདག་ཅག་ལ་ཆོས་སྟོན་ཏོ།།




iiif viewer powered by OpenSeadragon

317a - 318a

Texts on this page

S193 - 'phags pa chos nyid rang gi ngo bo stong pa nyid las mi g.yo bar tha dad par thams cad la snang ba'i mdo