e-texts navigator
Collection
Volume
Page
Wylie

316b1 ཏུ་ཞི་བར་གྱུར་ཅིག། སེམས་ཅན་དམྱལ་བ་ལས་ལོག་པར་གྱུར་ཅིག་ཅེས་བྱས་སོ།། བྲམ་ཟེའི་ཁྱེའུ་ཆོས་འདོད་ཀྱིས་བདེན་པ་དང་བདེན་པའི་ཚིག་བྱས་མ་ཐག་ཏུ། བྲམ་ཟེ་དེ་སེམས་ཅན་དམྱལ་བ
316b2 དེ་ནས་ཐར་བར་གྱུར་ཏོ། ། དགེ་སློང་དག་དེའི་ཚེ་དེའི་དུས་ན་བྲམ་ཟེའི་ཁྱེའུ་ཆོས་འདོད་ཅེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་ཁྱེད་དོགས་ཤིང་ཐེ་ཙོམ་ཟ་ན། དེ་ལྟར་མི་བལྟ་སྟེ། དགེ་སློབ
316b3 དག་ང་དེའི་ཚེ་དེའི་དུས་ན་བྲམ་ཟེའི་ཁྱེའུ་ཆོས་འདོད་ཅེས་བྱ་བར་གྱུར་ཏོ། ། དགེ་སློང་དག་དེའི་ཚེ་དེའི་དུས་ན་བྲམ་ཟེར་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་ཁྱེད་དོགས་ཤིང་ཐེ་ཙོམ་ཟ་ན། དེ་ལྟར་མི
316b4 བབལྟ་སྟེ། ཁྱིམ་བདག་དཔལ་སྦས་དེའི་ཚེ་དེའི་དུས་ན་བྲམ་ཟེར་གྱུར་ཏོ།། དགེ་སློང་དག་དེའི་ཚེའང་ཁྱིམ་བདག་དཔལ་སྔས་ང་མེ་དོང་དུ་བསྲེགས་ལ། སེམས་ཅན་དམྱལ་བ་ཆེན་པོར་ལྟུང་བར
316b5 འདོད་པ་ལས། ངས་དེ་སེམས་ཅན་དམྱལ་བ་ཆེན་པོ་དེ་ནས་བཟློག་ཅིང་། འཕགས་པའི་ཆོས་འདུལ་བ་ལ་བཞག་སྟེ། འདི་དང་དེའང་དེ་བཞིན་དུ་ཟུང་ཞིག། དགེ་སློང་དག་ད་ལྟར་ཡང་དཔལ
316b6 སྒྲས་ཀྱིས་ངམ་དོང་དུ་བསྲེགས་ལ། སེམས་ཅན་དམྱལ་བ་ཆེན་པོར་ལྟུང་བར་འདོད་པ་ལས། ངས་དེ་སེམས་ཅན་དམྱལ་བ་ཆེན་པོ་དེ་ལས་བཟློག་ཅིང་། འཕགས་པའི་ཆོས་འདུལ་བ་ལ་བཞག་སྟེ།
316b7 དེ་དང་འདིའང་དེ་བཞིན་དུ་ཟུང་ཞིག། དགེ་དང་མི་དགེ་སྔོན་བྱས་ཆུད་མི་ཟ།། མཁས་པ་རྣམས་ལ་བསྟེན་པ་ཆུད་མི་ཟ།། འཕགས་པའི་ཚོགས་ཀྱིས་ལེགས་བཤད་རུད་མི་ཟ།། བྱས་ལ




iiif viewer powered by OpenSeadragon

316a - 317a

Texts on this page

S192 - 'phags pa dpal sbas zhes bya ba'i mdo