e-texts navigator
Collection
Volume
Page
Wylie

315b1 ཕལ་པོ་ཆེ་བསགས་སོ། ། སྐྱེ་བོ་བལ་པོ་མེཿསགས་ནས། མཆོད་སྟོང་མཐོན་པོའི་ཁར་འཛེགས་ཏེ། སྐྱེ་བོ་ཕལ་པོ་ཆེ་ལ་ཚིགས་སུ་བཅད་པ་འདི་བསྒྲགས་སོ།། སྦྱིན་པ་ལ་ནི་རྟག་ཏུ
315b2 དགའ་བར་གྱིས། ། རྟག་ཏུ་ཚུལ་ཁྲིམས་ཡོངས་སུ་རྫོགས་པར་སྤྱོད།། བརྩོན་འགྲུས་མཆོག་གི་གནས་ནི་དརྩམ་པར་གྱིས།། ཤེས་རབ་ཀྱིས་ནི་ཆོས་མཆོག་དམ་པ་ཐོབ།
315b3 དེ་ནས་བྲམ་ཟེའི་ཁྱེའུ་ཆོས་འདོད་ཀྱིས། སྐྱེ་བོ་བལ་པོ་ཆེ་དེ་ལ་ཚིགས་སུ་བཅད་པ་འདི་བསྤགས་ནས། འདི་ལྟ་བུའི་བདེན་པའི་ཚིག་འདི་བྱེད་དེ། སའི་ཕྱོགས་འདི་ན་ལྷ་རྒྱ་ཆེན་པོ་གང་དག
315b4 གནས་པ་རྣམས་བདག་ལ་དགོངས་སུ་གསོལ། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དེ་དག་ཐམས་ཅད་བདག
315b5 ལ་དགོངས་སུ་གསོལ། བདག་ནི་གཏོང་བ་བགྱིད་དེ། ཤིན་ཏུ་གཏོང་བ་དང་། གཏོང་བའི་ཡང་གཏོང་བ་དང་། བདག་ཉིད་ཡོངས་སུ་གཏོང་བ་བགྱིད་དོ།། བདེན་པ་དང་བདེན་པའི་ཚིག་གང
315b6 གིས་བདག་ཡོངས་སུ་གཏོང་བ་བགྱིད་པ་ནི། རྒྱལ་པོའི་སླད་དུ་མ་ལགས། ལོངས་སྤྱོད་ཀྱི་སླད་དུ་མ་ལགས། མཐོ་རིས་ཀྱི་སླད་དུ་མ་ལགས། འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཡུལ་གྱི་ཕྱིར་མ
315b7 ལགས་ཀྱི། གཞན་དུ་ན་བདག་ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་མ་དུལ་བ་རྣམས་གདུལ་བར་བགྱི། བརྒལ




iiif viewer powered by OpenSeadragon

315a - 316a

Texts on this page

S192 - 'phags pa dpal sbas zhes bya ba'i mdo