| | e-texts navigator
|
314a1 སེམས་མཉེན་པ་དང་། སེམས་དགེ་བ་དང་། སྒྲིབ་པ་མེད་པའི་སེམས་སུ་གྱུར་པར་མཁྱེན་པ་དེའི་ཚེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཡང་དག་ཕུལ་གྱི་ཆོས་གང་སྟོན་པ
314a2 དེ། བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་དཔལ་སྦས་ལ་རྒྱ་ཆེར་རབ་ཏུ་བསྟན། རབ་ཏུ་བཞག། རྣམ་པར་བཀྲོལ། རྣམ་པར་ཕྱེ། གསལ་བར་མཛད། རབ་ཏུ་བཤད་དོ།། དེ་ནས་ཁྱིམ་བདག་དང་ལོ
314a3 སྦས་སྟན་དེ་ལ་འདུག་བཞིན་དུ་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་ཏེ། འདི་ལྟ་སྟེ། དཔེར་ན་རས་ནག་པོའི་བག་མེད་པ། ཁ་བསྒྱུར་བར་འོས་པར་ཚོན་གྱི་ནང་དུ་བཅུག་ན།
314a4 ཚེན་ལེགས་པར་མཛེས་པ་དེ་བཞིན་དུ། ཁྱིམ་བདག་དཔལ་སྦས་ཀྱང་སྟན་དེ་ལ་འདུག་བཞིན་དུ་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ།། དེ་ནས་ཁྱིམ་བདག
314a5 དཔལ་སྦས་ཀྱིས་ཆོས་མཐོང་། ཆོས་ཐོབ། ཆོས་ཡོངས་སུ་བསྐྱེད། མངོན་དུ་ཡང་དག་པར་རྟོགས། ནེམ་ནུར་མེད། ཐེ་ཙོམ་དང་བྲལ། སོམ་ཉི་དང་བྲལ། གཞན་གྱི་དྲིང་མི་འཇོག། སྟོན
314a6 པའི་བསྟན་པ་ཀུན་ཏུ་ཤེས། མི་འཇིགས་པ་ཐོབ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་བཅོམ་ལྡན་འདས་བདག་སངས་རྒྱས་དང་། ཆོས་དང་། དགེ་སློང་གི་དགེ་འདུན
314a7 ལ་སྐྱབས་སུ་མཆིའོ། ། བཙུན་པ་བཅོམ་ལྡན་འདས་བདག་དགེ་བསྙེན་དུ་གཟུང་དུ་གསོལ། དེང་ནས་ཇི་སྲིད་འཚོའི་བར་དུ་བདག་གི་སྐྱབས་ཁྱོད་ལགས་ཏེ། སྐྱབས་སུ་མཆིའོ།། དེ་ནས་དགེ
iiif viewer powered by OpenSeadragon
313b - 314b