e-texts navigator
Collection
Volume
Page
Wylie

312a1 དགེ་སློང་གི་དགེ་འདུན་ལ་རིམས་ཤིག། འདོད་ཆགས་ཞེ་སྡང་གཏི་མུག་རྣམས།། དེ་དག་འཇིག་རྟེན་དུག་གསུམ་སྟེ།། བཅོམ་ལྡན་སངས་རྒྱས་དུག་མེད་པ།
312a2 སངས་རྒྱས་བདེན་པས་དུག་བཅོམ་མོ།། འདོད་ཆགས་ཞེ་སྡང་གཏི་མུག་རྣམས།། དེ་དག་འཇིག་རྟེན་དུག་གསུམ་སྟེ།། བཅོམ་ལྡན་ཆོས་ནི་དུག་མེད་པ།། ཆོས་ཀྱི་བདེན་པས་དུག་བཅོམ་མོ།།
312a3 འདོད་ཆགས་ཞེ་སྡང་གཏི་མུག་རྣམས།། དེ་དག་འཇིག་རྟེན་དུག་གསུམ་སྟེ།། བཅོམ་ལྡན་དགེ་འདུན་དུག་མེད་པ།། དགེ་འདུན་བདེན་པས་དུག་བཅོམ་མོ།། བདེན་པ་གང་གི་སང་སངས་རྒྱས།།
312a4 འཇིག་རྟེན་ཀུན་ལ་བླ་ན་མེད།། བདེན་པའི་ཚིག་ནི་དེ་ཡིས་སུ།། ང་ལུས་དུག་གིས་མི་ཚུགས་ཤོག། བདེན་པ་གང་གིས་ང་ཡི་ཆོས།། འཇིག་རྟེན་ཀུན་ལ་བླ་ན་མེད།། བདེན་པའི་ཚིག་ནི་དེ་ཡིས།
312a5 སུ།། ང་ལུས་དུག་གིས་མི་ཚུགས་ཤོག། བདེན་པ་གང་གིས་ངའི་དགེ་འདུན།། འཇིག་རྟེན་ཀུན་ལ་བླ་ན་མེད།། བདེན་པའི་ཚིག་ནི་དེ་ཡིས་སུ།། ང་ལུས་དུག་གིས་མི་ཚུགས་ཤོག
312a6 ཤིང་གང་དུག་དང་བཅས་རྣམས་དང་། ། སྲོག་ཆགས་གང་དག་དུག་བཅས་པ།། དེ་ཀུན་འདོད་ཆགས་དུག་ལས་བྱུང་།། འདོད་ཆགས་འདི་ན་དུག་གི་མཆོག། ཤིང་གང་དུག་དང་བཅས
312a7 རྣམས་དང་། ། སྲོག་ཆགས་གང་དག་དུག་བཅས་པ།། དེ་ཀུན་ཞེ་སྡང་དུག་ལས་བྱུང་།། ཞེ་སྡང་འདི་ན་དུག་གི་མཆོག། ཤིང་གང་དུག་དང་བཅས་རྣམས་དང་།། སྲོག་ཆགས་གང་དག་དུག




iiif viewer powered by OpenSeadragon

311b - 312b

Texts on this page

S192 - 'phags pa dpal sbas zhes bya ba'i mdo