e-texts navigator
Collection
Volume
Page
Wylie

311b1 ཤིང་ཐེ་ཙོམ་ཟན། དེ་ལྟར་མི་བལྟ་སྟེ། དགེ་སློང་ཤཱ་རིའི་བུ་དེའི་ཚེ་དེའི་དུས་ན་རྒྱལ་པོ་ཚངས་པས་བྱིན་ཞེས་བྱ་བར་གྱུར་ཏོ།། ཁྱིམ་བདག་དེའི་ཚེ་དེའི་དུས་ན་བཙུན་མོ་དཔེ་མེད་ཅེས་བྱ་བར་གྱུར་པ་དེ་གནན
311b2 ཞིག་ཡིན་པ་སྙམ་དུ་ཁྱོད་དོགས་ཤིང་ཐེ་ཙོམ་ཟན། དེ་ལྟར་མི་བལྟ་སྟེ། བྲམ་ཟེའི་བུ་མོ་གཡོ་མ་དེ་དེའི་ཚེ་དེའི་དུས་ན་བཙུན་མོ་དཔེ་མེད་གྱུར་ཏོ།། ཁྱིམ་བདག་དེའི་ཚེ་དེའི་དུས་ན་རིའི་རྒྱལ་པོ་གངས
311b3 རིའི་ལྷོ་ཕྱོགས་ཀྱི་ངོས་ལ་གནས་པའི་རྨ་བྱའི་རྒྱལ་པོ་གསེར་དུ་སྣང་བ་ཞེས་བྱ་བར་གྱུར་པ་དེ་གཞན་ཞག་ཡིན་པ་སྙམ་དུ་དོགས་ཤིང་ཐེ་ཙོམ་ཟ་ན། དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་རིའི་རྒྱལ་པོ
311b4 གངས་རིའི་ལྷོ་ཕྱོགས་ཀྱི་ངོས་ལ་གནས་པའི་རྨ་བྱའི་རྒྱལ་པོ་གསར་དུ་སྣང་བ་ཞེས་བྱ་བར་གྱུར་ཏོ། ། ཁྱིམ་བདག་དེའི་ཚེ་དེའི་དུས་ན་རྨ་བྱ་ལྔ་བརྒྱར་གྱུར་པ་དེ་དག་གཞན་ཞིག་ཡིན་པ་སྙམ་དུ་ཁྱོད་དོགས
311b5 ཤིང་ཐེ་ཙོམ་ཟ་ན། དེ་དེ་ལྟར་མི་བལྟ་སྟེ། དགེ་སློང་མཆོག་ལྔ་བརྒྱ་པོ་འདི་དག་དེའི་ཚེ་དེའི་དུས་ན་རྨ་བྱ་ལྔ་བརྒྱར་གྱུར་ཏོ།། ཁྱིམ་བདག་བདུད་འཚོའི་སྐྱེ་གནས་སུ་གྱུར་པ་དེའི་ཚེའང་ལུས
311b6 ལ་དུག་གིས་མི་ཚུགས་ན། དཀར་མངོན་པར་རྫོགས་པར་སངས་རྒྱས་པ་སྦྲུལ་སྨོས་ཀྱང་ཅི་དགོས་ཏེ། ངའི་ལུས་ལ་དྲུག་གིས་ཚུགས་པར་འགྱུར་བ་འདི་ནི་གནས་མེད་དོ།། དེ་བས་ན་ཁྲིམ
311b7 བདག་ཚིགས་སུ་བཅད་པ་བརྗོད་པར་བྱས། དེ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཞིག་དང་། ངས་ཁྱོད་ལ་བཤད་ཀྱིས་ལེགས་པར་རབ་ཏུ་བཟུང་ལ་ཟས་ལ་ལན་གསུམ་བཟླས་པ་བགྱིས་ཏེ།




iiif viewer powered by OpenSeadragon

311a - 312a

Texts on this page

S192 - 'phags pa dpal sbas zhes bya ba'i mdo