e-texts navigator
Collection
Volume
Page
Wylie

311a1 དེ་ལྟ་དེ་ལྟར་རྨ་བྱའི་རྒྱལ་པོ་དེའི་ལུས་གཟུགས་ཆེས་བཟང་བ་དང་། ཆེས་མཛེས་པ་དང་། ཆེས་བལྟ་ན་སྡུག་པ་དང་། ཆེས་འོད་གསལ་བར་གྱུར་ཏོ།། དེ་ནས་བཙུན་མོ
311a2 དཔེ་མེད་ཀྱིས་འདི་སྙམ་དུ་བསམས་སྟེ། རྨ་བྱའི་རྒྱལ་པོ་གསེར་དུ་སྣང་བ་ལ་བདག་གིས་ཇི་ལྟ་ཇི་ལྟར་ཟས་དུག་ཅན་དང་། སྐོམ་དུག་ཅན་བྱིན་པ་དེ་ལྟ་དེ་ལྟར་འདིའི་ལུས་གཟུགས་ཆེས་བཟང་བ་དང་།
311a3 ཆེས་མཛེས་པ་དང་། ཆེས་བལྟ་ན་སྡུག་པ་དང་། ཆེས་འོད་གསལ་བར་གྱུར་ཏོ་སྙམ་མོ།། དེ་ནས་བཙུན་མོ་དཔེ་མེད་ལ། རྨ་བྱའི་རྒྱལ་པོ་གསེར་དུ་སྣང་བས་འདི་སྐད་ཅེས་སྨྲས་སོ།། རྐུན
311a4 མ་རྐུན་མ་ཁྱོད་ཀྱི་ངས་ཤེས་ཏེ། ཁྱོད་འདི་སྙམ་དུ་བདག་སྐྱེས་པ་གཞན་ལ་ཆགས་པར་གྱུར་པ་བྱ་འདིས་ཤེས་ཏེ། འདིའང་མི་སྐད་སྨྲས་པས། འདིས་གཏམ་འདི་རྒྱལ་པོ་ཚངས་པས་བྱིན་ལ་མི་བསྐྲད
311a5 གྲཐང་། རྒྱལ་པོས་བདག་བཟུང་སྟེ་མི་གསང་གྲང་སྙམ་དུ་བསམས་ནས། དེའི་ཕྱིར་ཁྱོད་ཀྱིས་ང་ལ་ཟས་དུག་ཅན་དང་། སྐོམ་དུག་ཅན་བྱིན་ཏེ། ཁྱོད་ཀྱིས་ང་གསད་པར་མི་ནུས་སོ།། དེ་ནས
311a6 བཙུན་མོད་པ་མེད་དེས་ཚིག་དེ་ཐོས་ནས། ཁ་བུབ་ཏུ་འགྱེལ་ཏེ། ཁྲག་དྲོན་པོ་བསྐྱུགས་ནས། ནང་ཚབས་ཆེན་པོས་བཏབ་སྟེ། ནད་དེ་ཉིད་ཀྱིས་ཤི་བའི་དུས་བྱས་སོ།། དེ་ཤི་ནས་སེམས་ཅན
311a7 དམྱལ་བ་ཆེན་པོ་ངུ་འབོད་དུ་སྐྱེས་པར་གྱུར་ཏོ། ། ཁྱིམ་བདག་དེའི་ཚེ་དེའི་དུས་ན་གྲོང་ཁྱེར་ཆེན་པོ་ཝཱ་རཱ་ཎ་སིའི་རྒྱལ་པོ་ཚངས་པས་བྱིན་ཞེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་ཁྱོད་དོགས




iiif viewer powered by OpenSeadragon

310b - 311b

Texts on this page

S192 - 'phags pa dpal sbas zhes bya ba'i mdo