| | e-texts navigator
|
310b1 ཚངས་པས་བྱིན་དེ་བདག་ཉིད་རྨ་བྱའི་རྒྱལ་པོ་གསེར་དུ་སྣང་བ་ལ་མེ་ཏོག་དང་འབྲས་བུ་རྣམས་ཀྱིས་རིམ་གྲོ་བྱེད་དོ། ། དེའི་ཚེ་དུས་གཞན་ཞིག་ནུ། རྒྱལ་པོ་ཚངས་པས་བྱིན་དེ་བྲེལ་བ་ཞིག
310b2 བྱུང་ནས། དེས་འདི་སྙམ་དུ་བསམས་ཏེ། སུརྨ་བྱའི་རྒྱལ་པོ་གསེར་དུ་སྣང་བ་ལ་རིམ་གྲོ་བྱེད་ནུས་སྙམ་ནས། དེས་ཡང་འདི་སྙམ་བསམས་ཏེ། བཙུན་མོ་དཔེ་མེད་ནི་མཁས་པ། ཤེས
310b3 རབ་ཆེན་པོ་དང་ལྡན་པ་སྟེ། དེས་ནུས་སོ་སྙམ་མོ།། དེ་ནས་རྒྱལ་པོ་ཚངས་པས་བྱིན་གྱིས། བཙུན་མོ་དཔེ་མེད་ལ་བོས་ཏེ་འདི་སྐད་ཅེས་སྨྲས་སོ།། ལྷ་མོ་ཁྱོད་ཀྱིས་རྨ་བྱའི་རྒྱལ
310b4 པོ་གསེར་དུ་སྣང་བ་འདི་ངས་ཇི་ལྟར་རིམ་གྲོ་བྱས་པ་བཞིན་དུ། བདག་ཉིད་ཀྱིས་རིམ་གྲོ་གྱིས་ཤིག། དེ་ནས་རྒྱལ་པོ་ཚངས་པས་བྱིན་གྱིས་བཙུན་མོ་དཔེ་མེད་བདག་ཉིད་ཀྱིས་མེ་ཏོག་དང་། འབྲས་བུ
310b5 རྣམས་ཀྱིས་རྨ་བྱའི་རྒྱལ་པོ་གསེར་དུ་སྣང་བ་དེ་ལ་བསྙེན་བཀུར་བྱེད་དོ། ། དེའི་ཚེ་དུས་གཞན་ཞིག་ན། བཙུན་མོ་དཔེ་མེད་སྐྱེས་པ་གཞན་ལ་ཆགས་པར་གྱུར་ཏེ། དེ་ནས་བཙུན་མོ་དཔེ་མེད་ཀྱིས་འདི
310b6 སྒྱུམ་དུ་བསམས་སོ། ། རྨ་བྱའི་རྒྱལ་པོ་གསེར་དུ་སྣང་བ་འདི་ནི་མིའི་སྐད་དུ་སྨྲ་བས། དེས་གཏམ་འདི་རྒྱལ་པོ་ཚངས་པས་བྱིན་ལ་མི་བསྐྲད་གྲང་། རྒྱལ་པོ་ཚངས་པས་བྱིན་དེས་ཀྱང་བདག་བཟུང་སྟེ།
310b7 མིགསད་གྲང་སྙམ་ནས། དེ་ནས་བུད་མེད་དེས་རྨ་བྱའི་རྒྱལ་པོ་དེ་ལ་ཟས་དུག་ཅན་དང་སྐོམ་དུག་ཅན་བྱིན་ནོ།། བུད་མེད་དེས་རྨ་བྱའི་རྒྱལ་པོ་དེ་ལ་ཇི་ལྟ་ཇི་ལྟར་ཟས་དུག་ཅན་དང་། སྐོམ་དུགཅན་བྱིན་པ
iiif viewer powered by OpenSeadragon
310a - 311a