e-texts navigator
Collection
Volume
Page
Wylie

310a1 མེ་སྣ་བདུན་གྱི་ཤིང་རྟལ་དྲངས་ཏེ། དཔུང་གི་ཚོགས་ཡན་ལག་བཞི་པ་དང་ལྷན་ཅིག་ཏུ་རིའི་རྒྱལ་པོ་གངས་རིའི་ལྷོ་ཕྱོགས་ཀྱི་ངོས་གལ་བ་དེར་སོང་བདང་རྨ་བྱའི་རྒྱལ་པོ་གསེར་དུ་སྣང་བ་དེ་བདག
310a2 ཉིད་རིན་པོ་ཆེ་སྣ་བདུན་གྱི་ཤིང་རྟ་ལ་ཞོན་ཏེ། སྐད་བྱུང་བ་དང་། དེའི་སྐད་ཀྱིས་དཔུང་གི་ཚོགས་ཡན་ལག་བཞི་པ་ཁྱབ་པར་གྲག་ནས། རྒྱལ་པོ་ཚངས་པས་བྱིན་དེ་དགའ་མགུ་ཡི་རངས་ཏེ། རབ་ཏུ་དགའ
310a3 ནས་དགའ་བ་དང་ཡིད་བདེ་བ་སྐྱེས་ཏེ། རྨ་བྱའི་རྒྱལ་པོ་གསར་དུ་སྣང་བ་དེ་ལ་བཀུར་སྟི་བྱེད་དུ་བཅུག། བླ་མར་བྱེད་དུ་བཅུག། རིམ་གྲོར་བྱེད་དུ་བཅུག། མཆོད་པ་བྱེད་དུ་བཅུག་ནས། རྨ
310a4 བྱའི་རྒྱལ་པོ་གསར་དུ་སྣང་བ་དང་ལྷན་ཅིག་གྲོང་ཁྱེར་ཝཱ་རཱ་ཎ་སི་ག་ལ་བ་དེར་སོང་བ་དང་། གྲོང་ཁྱེར་ཝཱ་རཱ་ཎ་སིའི་སྒོར་འདུག་ནས་སྐད་བྱུང་སྟེ། དེའི་སྐད་དེས་གྲོང་ཁྱེར་དེ་ཐམས་ཅད་ཁྱབ
310a5 པར་གྲག་གོ། དེ་ནས་གྲོང་ཁྱེར་ཝཱ་རཱ་ཎ་སིན་སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་གང་དག་གནས་པ་དེ་དག་གྲོང་ཁྱེར་གྱི་སྒོ་ག་ལ་བ་དེར་རབ་ཏུ་རྒྱུག་གོ།། དེ་ནས་རྒྱལ་པོ་ཚངས
310a6 པས་བྱིན་གྱིས་རྨ་བྱའི་རྒྱལ་པོ་གསར་དུ་སྣང་བ་ལ་བཀུར་སྟི་བྱེད་དུ་བཅུག། བླ་མར་བྱེད་དུ་བཅུག། རིམ་གྲོ་བྱེད་དུ་བཅུག། མཆོད་པ་བྱེད་དུ་བཅུག་ནས། རང་གི་ཁྱིམ་ག་ལ་བ་དང་། ཙུན
310a7 མོ་དཔེ་མེད་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཙུན་མོ་དཔེ་མེད་ལ་འདི་སྐད་ཅེས་སྨྲས་ཏེ། ལྷ་མོ་རྨ་བྱའི་རྒྱལ་པོ་གསེར་དུ་སྣང་བ་འདི་ནི་ཁྱོད་ཀྱི་གན་དུ་རང་འོངས་སོ་ཞེས་སྨྲས་སོ།། རྒྱལ་པོ




iiif viewer powered by OpenSeadragon

309b - 310b

Texts on this page

S192 - 'phags pa dpal sbas zhes bya ba'i mdo