e-texts navigator
Collection
Volume
Page
Wylie

309b1 རྒྱལ་པོ་དེ་འདིར་བླང་ནུས་ན་དེ་ལྡན་ནི་ལེགས་སོ། ། ཅི་སྟི་མ་རུས་ན་ཁྱེད་ཐམས་ཅད་ཀྱི་སྲོག་ཡལ་ལོ་ཞེས་བསྒོ་སྟེ། བདག་ཅག་སྲོག་གིས་འཇིགས་སྐྲག། འཆི་བས་འཇིགས་སྦག་ནས།
309b2 ཁྱོད་ཀྱི་ཕྱིར་འདི་ལྟར་འབད་པར་བྱེད་དོ།། དེས་སྨྲས་པ། ཀྱེ་ནོ་ཤས་འཚོ་བ་དག་ཁྱེད་ཀྱིས་ང་བྱ་རྒྱ་དང་རྙིས་གཟུང་བར་ནི་མི་ནུས་སོ།། ཞོ་ཤས་འཚོ་བ་དག་གལ་ཏེ། རྒྱལ་པོ་ཚངས་པས
309b3 བྱིན་ང་མཐོང་བར་འདོད་ན། གྲོང་ཁྱེར་མཱ་རཱ་ཎ་མིའི་ནང་ཤིན་ཏུ་ཕྱག་བདར་བྱོས་ཏེ། ཐོས་ཆུས་ཆག་ཆག་ཐོབ་ལ། མེ་ཏོག་གི་སིལ་མ་ཁྲོམ་སྟེ། གདུགས་དང་བ་དན་བྲེས་ཤིག། རྒྱལ་མཛན
309b4 སྦྲེང་ལ། པོག་པོར་ནས་བདུག་པས་བདུགས་ལ། རིན་པོ་ཆེའི་སྣ་དུན་གྱི་ཤིང་ཏཱ་གྱིས་ཏེ། ཞག་བདུན་གྱི་ཞིན་པར་དཔུང་གི་ཚོགས་ཡན་ལག་བཞི་པ་དང་ལྷན་ཅིག་ཏུ་འདིར་ཤོག་ཅིག་དང་། པ་ཉིད
309b5 དེར་འགྲོ་བར་བུའི་ཞེས་མཆིའོ། ། དེ་ལྟར་བྱའོ་ཞེས་ཏེ། རྒྱལ་པོ་ཚངས་པས་བྱིན་གྱིས་རྔོན་པ་དང་། བྱ་བ་དེ་དག་གི་ལྟར་མཉན་ནས། གྲོང་ཁྱེར་ཝཱ་ནཱ་ཎ་སིའི་ནང་ཤིན་ཏུ་ཕྱག་བདར་བྱེད་དུ་བཅུག།
309b6 བློས་ཆུས་ཆག་ཆག་འདེབས་སུ་བཅུག། མེ་ཏོག་སིལ་མ་འགྲེམས་སུ་བཅུག། གདུགས་དང་བ་དན་བྲེས་སུ་བཅུག། རྒྱལ་མཚན་བསྦེང་དུ་བཅུག། པོག་བོར་ནས་བདུག་པས་འདུག་ཏུ་ཡུཿ
309b7 རིན་པོ་མ་སྣ་བདུན་གྱི་ཤིང་རྟ་བྱེད་དུ་བཅུག་ནས། ཞག་བདུན་འདས་པ་དང་། དཔུང་གི་ཚོགས་ཡན་ལག་བཞི་པ་གོ་གྱོན་དུ་བཅུག་སྟེ། དཔུང་གི་ཚོགས་ཡན་ལག་བཞི་པ་གོ་བསྐོན་ནས།། རིན་པོ




iiif viewer powered by OpenSeadragon

309a - 310a

Texts on this page

S192 - 'phags pa dpal sbas zhes bya ba'i mdo