| | e-texts navigator
|
309a1 པོ་གསེར་དུ་སྣང་བའི་ལྟར་མཉན་ནས། མཐར་གྱིས་གྲོང་ཁྱེར་ཝཱ་རཱ་ཎ་སི་དེར་རྒྱལ་པོ་ཚངས་པས་བྱིན་གལ་བ་དེར་སོང་སྟེ་ཕྱིན་ནས། རྒྱལ་པོ་ཚངས་པས་བྱིན
309a2 ལའདི་སྐད་སྦས་པས་སོ། ། ལྷ་མཁྱེན་པར་མཛད་དུ་གསོལ། བདག་ཅག་འདི་ནས་བྱ་རྒྱ་དང་རྙི་ཐོགས་ཏེ། རིའི་རྒྱལ་པོ་གངས་རིའི་ལྷོ་ཕྱོགས་ཀྱི་ངོས་གལ་བ་དེར་མཆིས་པ་དང
309a3 ཕྱོགས་གང་ན་རྨ་བྱའི་རྒྱལ་པོ་གསེར་དུ་སྣང་བ་གནས་པའི་ཕྱོགས་དེར་རྙི་བཙུགས། བྱ་རྒྱ་བྲེས་ན། རྨ་བྱའི་རྒྱལ་པོ་གསེར་དུ་སྣང་བ་གང་དང་གང་དུ་ལྟ་བདེ་དང་དེར་རྒྱརལ་རཱི་ཆད་དེ
309a4 བདག་ཅག་ཕྱོགས་དེ་ན་དགུང་བདུན་གྱི་བར་དུ་ཤ་ཐང་ཡང་། རྨ་བྱའི་རྒྱལ་པོ་དེ་རྒྱ་དང་རྙིས་བཟུང་བའི་རྔོ་མ་ཐོགས་པ་དང་། རྨ་བྱའི་རྒྱལ་པོ་དེས་སྙིང་རྗེ་ཉེ་བར་བཞག་སྟེ། བདག་ཅག་ལ་འདི
309a5 སྐད་ཅེས་མཆིའོ། ། ཀྱེ་མི་དག་ནྡའི་ཕྱིར་ཕྱོགས་འདི་ན་ཤ་ཐང་ཞིང་འཁོད། བདག་ཅག་གིས་སྨྲས་པ། རྨ་བྱའི་རྒྱལ་པོ་ཤེས་པར་གྱིས་ཤིག། རྒྱལ་པོ་ཚངས་པས་བྱིན་གྱིས་བདག་ཅག
309a6 ལ་བསྒོབ། རིའི་རྒྱལ་པོ་གྲངས་རིའི་ལྷོ་ཕྱོགས་ཀྱི་ངོས་ལ་རྨ་བྱའི་རྒྱལ་པོ་གསེར་དུ་སྣང་བ་ཞེས་བྱ་བ་ལྡན་ལག་བཀྲ་བ། ལུས་བཀྲབ། རིན་པོ་ཆེའི་མཆུ་ཅན་འཁོར་ལྔ་བརྒྱ་དང་ལྡན་པ་དེ་གང་དང
309a7 གང་དུ་འགྲོ་བར། རྨ་བྱའི་དེ་དག་ཐམས་ཅད་ཀྱི་དང་རོལ་འགྲོ་བ་ཞིག་གནས་ཞེས་གྲག་གི། ཁྱེད་ཀྱིས་བྱ་རྒྱ་དང་རཱི་སརྨ་བྱའི་རྒྱལ་པོ་གསེར་དུ་སྣང་བ་བཟུང་བ་དེ་འོན་ཅིག། གལ་ཏེ་མ་བྱར
iiif viewer powered by OpenSeadragon
308b - 309b