e-texts navigator
Collection
Volume
Page
Wylie

308a1 གསེར་དུ་སྣང་བ་མ་མཐོང་དུ་ལགས་ན། བདག་འགུམ་པར་འགྱུར་རོ།། རྒྱལ་པོ་ཚངས་པས་བྱིན་བཙུན་མོ་དཔེ་མེད་ལ་ཀུན་ཏུ་ཆགས་པའི་སེམས་སུ་གྱུར་ཏེ། སེམས་ཞེན
308a2 པས། རྒྱལ་པོ་ཚངས་པས་བྱིན་གྱིས་སྨྲས་པ།། ལྷ་མོངས་རྔོན་པ་དང་། བྱ་བ་དེ་བགྱིས། རེ་ཞིག་སྡོད་ཅིག། དེ་ནས་རྒྱལ་པོ་ཚངས་པས་བྱིན་གྱིས་རྔོན་པ་དང་བྱ་བ་རྣམས་བོས་ཏེ་འདི་སྐད་སྨྲས་སོ།། མཆོག་རྣམས
308a3 རིའི་རྒྱལ་པོ་གངས་རིའི་ལྷོ་ཕྱོགས་ཀྱི་ངོས་ལ་རྨ་བྱའི་རྒྱལ་པོ་གསེར་དུ་སྣང་བ་ཞེས་བྱ་བ་ཡན་ལག་བཀྲ་བ། ལུས་བཀྲ་བ། གསེར་གྱི་མཆུ་ཅན་ཞིག་གནས་ཞེས་གྲག་གིས། ཁྱེད་ཀྱི་རྨ་བྱའི་རྒྱལ
308a4 པོ་གསེར་དུ་སྣང་བ་བྱ་རྒྱ་དང་རྙིས་ཟུང་ལ་འདིར་འོན་ཅིག། གལ་ཏེ་འདིར་བླང་ནུས་ན་དེ་ལྟ་ན་ནི་ལེགས་སོ།། ཅི་སྟེ་མི་ནུས་ན་ཁྱེད་ཐམས་ཅད་ཀྱི་སྲོག་ཡལ་ལོ།། དེ་ནས་རྔོན་པ་དང་བྱ་བའི་མི་རྣམས
308a5 སྲོག་གིས་འཇིགས་སྐྲག། འཆི་བས་འཇིགས་སྐྲག་སྟེ། བྱ་རྒྱ་དང་རྙི་རྣམས་ཐོགས་ནས། རིའི་རྒྱལ་པོ་གངས་རིའི་ལྷོ་ཕྱོགས་ཀྱི་ངོས་ག་ལ་བ་དེར་སོང་ནས་བྱིན་པ་དང་། རྨ་བྱའི་རྒྱལ་པོ་གསེར
308a6 དུ་སྣང་བ་གང་ན་གནས་པའི་ཕྱོགས་དེར་རྒྱ་བྲེས། རྙི་བཙུགས་པ་དང་། རྨ་བུའི་རྒྱལ་པོ་གསེར་དུ་སྣད་བདེ་གང་དང་གང་དུ་བལྟ་བ་དེ་དང་དེར་ཎྜ་རལ་རཱི་ཆད་དེ། ཕྱོགས་དེར་ཞག་བདུན་གྱི་བར་དུ་ཤ་ཐང
308a7 ཡང། རྨ་བྱའི་རྒྱལ་པོ་གསར་དུ་སྣང་བ་དེ་བྱ་རྒྱ་དང་རྙིས་གཟུང་བར་མ་ནུས་པ་དང་། རྨ་བྱའི་རྒྱལ་པོ་དེས་སྙིང་རྗེ་ཉེ་བར་བཞག་ནས། རྔོན་པ་དང་བྱ་བ་རྣམས་ལ་འདི་སྐད་ཅེས་སྨྲས་སོ།། ཞོ་ཤས




iiif viewer powered by OpenSeadragon

307b - 308b

Texts on this page

S192 - 'phags pa dpal sbas zhes bya ba'i mdo