| | e-texts navigator
|
232a1 བྱ་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་གྲོལ་བའི་དབྱངས་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་རབ་ཏུ་ཐུལ་དཀའ་ཞེས་བྱ་བ་དང་། དེ་བཞིན་གཤེགས
232a2 བ་ཉི་མ་འབྱུང་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་དྲ་བ་ཅན་གྱི་འོད་ཅེས་བྱ་བ་དང་། དེ་བཞིན་གཤེགས་པ་འོད་ཀྱི་འབྱུང་གནས་ཞེས་བྱ་བ་དང་། དེ་དག་ལ་སོགས་པ་བྱང་བྱོས
232a3 ཀྱི་སངས་རྒྱས་བཅོམ་ལྡན་འདས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་རང་རང་གི་སངས་རྒྱས་ཀྱི་ཞིང་རྣམས་ལྗགས་ཀྱི་དབང་པོས་ཁེབས་པར་མཛད་དེ། ཁྱེད་ཅག་ཡོན་ཏན་བསམ་གྱིས་མི་ཁྱབ་པ
232a4 ཡོངས་སུ་བརྗོད་པ། སངས་རྒྱས་ཐམས་ཅད་ཀྱིས་ཡོངས་སུ་བཟུང་བའི་ཆོས་ཀྱི་རྣམ་གྲངས་འདི་ལ་ཡིད་ཆེས་པར་གྱིས་ཤིག་ཅེས་གསུང་བ་མཛད་དོ།། དེ་བཞིན་དུ་འོག་གི་ཕྱོགས་ན་དེ
232a5 བཞིན་གཤེགས་པ་སེང་གེ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་གྲགས་པ་ཞེས་བྱ་བ་དང་། དེ་བཞིན་གཤེགས་བགྲགས་པ་འོད་ཅེས་བྱ་བ་དང་། དེ་བཞིན་གཤེགས་པ་ཆོས་ཞེས་བྱ་བ་དང་།
232a6 དེ་བཞིན་གཤེགས་པ་ཆོས་འཛིན་ཅེས་བྱ་བ་དང་། དེ་བཞིན་གཤེགས་པ་ཆོས་ཀྱི་རྒྱལ་མཚན་ཅེས་བྱ་བ་དང་། དེ་དག་ལ་སོགས་པ་འོག་གི་ཕྱོགས་ཀྱི་སངས་རྒྱས་བཅོམ་ལྡན་འདས་གངྒཱའི
232a7 ཀླུང་གི་བྱེ་མ་སྙེད་དག་རང་རང་གི་སངས་རྒྱས་ཀྱི་ཞིང་རྣམས་ལྗགས་ཀྱི་དབང་པོས་ཕེབས་པར་མཛད་དོ། ། ཁྱེད་ཅག་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཡོངས་སུ་བརྗོད་པ། སངས་རྒྱས་ཐམས་ཅད་ཀྱིས་ཡཿ
iiif viewer powered by OpenSeadragon
231b - 232b