| | e-texts navigator
|
230b1 རྒྱས་ཀྱི་ཞིང་དེར་སྐྱེ་བར་བྱ་བའི་ཕྱིར་དགེ་བའི་རྩ་བ་རྣམས་གུས་པར་ཡོངས་སུ་བསྔོ་བར་བྱའོ། ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སྐྱེས་བུ་དམ་པ་དེ་ལྟ་བུ་དག་དང་ཕྲད་པར་འགྱུར་བའི་ཕྱིར་རོ།།
230b2 ཤཱ་རིའི་བུ་དགེ་བའི་རྩ་བ་ངན་ངོན་ཙམ་གྱིས་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚེ་དཔག་མེད་དེའི་ཞིང་དུ་སྐྱེ་བར་མི་འགྱུར་རོ།། ཤཱ་རིའི་བུ་རིགས་ཀྱི་བུ་འམ། རིགས་བུ་མོ
230b3 གང་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚེ་དཔག་མེད་དེའི་མཚན་ཐོས་ལ། ཐོས་ནས་ཀྱང་ཡིད་ལ་བྱེད་ཅིང་ནུབ་གཅིག་གམ། ནུབ་གཉིས་སམ། ནུབ་གསུམ་མམ། ནུབ
230b4 བཞི་འམ། ནུབ་ལྔ་འམ། ནུབ་དྲུག་གམ། ནུབ་བདུན་དུ་གཡེང་བ་མེད་པའི་སེམས་ཀྱིས་ཡིད་ལ་བྱེད་ན། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེའི་འཆི་བའི་དུས་ཀྱི་ཚེ། ཕྱིན
230b5 ཅི་ལོག་མེད་པའི་སེམས་ཀྱིས་འཆི་བའི་དུས་བྱས་ནས། འཆི་བའི་དུས་བྱས་པ་དེ་དེ་བཞིན་གཤེགས་པ་འོད་དཔག་མེད་ཉན་ཐོས་ཀྱི་དགེ་འདུན་གྱིས་ཡོངས་སུ་བསྐོར་ཅིང་། བྱང་ཆུབ
230b6 སེམས་དཔའི་ཚོགས་ཀྱིས་བདུན་གྱིས་བལྟས་པའི་བདུན་ན་བཞུགས་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་དཔག་མེད་དེའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་བདེ་བ
230b7 ཅན་དུ་སྐྱེ་བར་འགྱུར་རོ། ། ཤཱ་རིའི་བུ་དེ་ལྟ་བས་ན་དོན་གྱི་དབང་དེ་མཐོང་ནས། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོས་སངས་རྒྱས་ཀྱི་ཞིང་དེར་གུས་པར་སྨོན་ལམ་གདབ་པར་བྱ་བའི
iiif viewer powered by OpenSeadragon
230a - 231a