| | e-texts navigator
|
229b1 སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་གི་སྒྲ་དག་འབྱུང་ངོ་།། སེམས་ཅན་གང་དག་དེར་སྐྱེས་པ་དེ་དག་གིས་སྒྲ་ཐོས་ནས། སངས་རྒྱས་ཡིད་ལ་བྱེད་པ་སྐྱེ། ཆོས་ཡིད་ལ་བྱེད་པ་སྐྱེ། དག
229b2 འདུན་ཡིད་ལ་བྱེད་པ་སྐྱེའོ། ། ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས། སེམས་ཅན་དེ་དག་དུད་འགྲོའི་སྐྱེ་གནས་སུ་གྱུར་པ་ཡིན་སྙམ་དུ་སེམས་པལྟ་ན། དེ་ལྟར་མི་བལྟའོ།། དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི
229b3 བུ་སངས་རྒྱས་ཀྱི་ཞིང་དེ་ན་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་སྐྱེ་བའི་མིང་ཡང་མེད་དོ།། བྱའི་ཚོགས་དེ་དག་ནི་དེ་བཞིན་གཤེགས་པ་ཚེ་དཔག
229b4 མེད་དེ་ཉིད་ཀྱིས་ཆོས་ཀྱི་སྒྲ་འབྱུང་བའི་ཕྱིར་སྤྲུལ་པ་དག་གོ། ། ཤཱ་རིའི་བུ་སངས་རྒྱས་ཀྱི་ཞིང་དེ་ནི་སངས་རྒྱས་ཀྱི་ཡོན་ཏན་དཀོད་པ་རྣམ་པ་དེ། བུདག་གིས་ལེགས་པར་བརྒྱན་པའོ།། ཤཱ་རིའི་བུ་གཞན་ཡང་སངས་རྒྱས་ཀྱི་ཞིང
229b5 དེའི་ཏ་ལའི་འཕྲེང་བ་དེ་དག་དང་། དྲིལ་བུ་གཡེར་ཀའི་དྲ་བ་དེ་དག་ལ་རླུང་གིས་ཕོག་ཅིང་། རླུང་གིས་བསྐྱོད་ན་སྒྲ་སྙན་པ་ཡིད་དུ་འོང་བ་ཉམས་དགའ་བ་འབྱུང་སྟེ། འདི་ལྟ་སྟེ། དཔེར་ན་རོལ
229b6 མོ་མཁན་གྱི་ཡན་ལག་བྱེ་བ་འབུམ་དང་ལྡན་པའི་ལྷའི་སིལ་སྙན་བླངས་པ་བཞིན་ནོ། ། དེར་མི་དེ་དག་གིས་སྒྲ་དེ་ཐོས་ནས་སངས་རྒྱས་རྗེས་སུ་དྲན་པ་དང་། ཆོས་རྗེས་སུ་དྲན་པ་དང་། དགེ་འདུན
229b7 རྗེས་སུ་འདྲན་པ་ལུས་ལ་གནས་སོ། ། ཤཱ་རིའི་བུ་སངས་རྒྱས་ཀྱི་ཞིང་དེ་ནི། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པའི་རྒྱན་རྣམ་པ་དེ་ལྟ་བུ་དག་གིས་ལེགས་པར་བརྒྱན་པའོ།། ཤཱ་རིའི་བུ་འདི
iiif viewer powered by OpenSeadragon
229a - 230a