| | e-texts navigator
|
229a1 རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་རྣམ་པ་དེ་ལྟ་བུ་དག་གིས་ལེགས་པར་བརྒྱན་པའོ། ། ཤཱ་རིའི་བུ་གཞན་ཡང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་ན་ལྷའི་སིལ་སྙ
229a2 གྱི་སྒྲ་རྟག་ཏུ་འབྱུང་ངོ་། ། ས་ཆེན་པོ་ནི་གསེར་གྱི་ཁ་དོག་ལྟ་བུ་སྟེ། ཉམས་དགའ་བའོ།། ཤཱ་རིའི་བུ་སངས་རྒྱས་ཀྱི་ཞིང་དེ་ནི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་རྣམ་པ་དེ་ལྟ
229a3 བུ་དག་གིས་ལེགས་པར་བརྒྱན་པའོ། ། ཤཱ་རིའི་བུ་གཞན་ཡང་སངས་རྒྱས་ཀྱི་ཞིང་དེ་ན་ཉིན་ལན་གསུམ་མཚན་ལན་གསུམ་དུ་ལྷའི་མེ་ཏོག་མནྡ་ར་བའི་ལྷའི་མེ་ཏོག་གི་ཆར་འབབ་བོ།།
229a4 དེར་སེམས་ཅན་གང་དག་སྐྱེས་པ་དེ་དག་ཀྱང་སྔ་དྲོ་གཅིག་གཅིག་བཞིན་དུ་སངས་རྒྱས་ཀྱི་ཞིང་གཞན་དང་གཞན་དག་ཏུ་དོང་སྟེ། སངས་རྒྱས་བྱེ་བ་ཕྲག་འབུམ་ལ་ཕྱག་འཚལ་ཞིང་། དེ་བཞིན
229a5 གཤེགས་པ་རེ་རེ་ལའང་མེ་ཏོག་སྐོན་བུ་བྱེ་བ་ཕྲག་འབུམ་མངོན་པར་འཐོར་ཏེ། གཏོར་ནས་ཉིན་མོ་གནས་པའི་ཕྱིར། སླར་འཇིག་རྟེར་གྱི་ཁམས་དེ་ཉིད་དུ་འདོང་ངོ་།། ཤཱ་རིའི་བུ་སངས
229a6 རྒྱས་ཀྱི་ཞིང་དེ་ནི། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་རྣམ་པ་དེ་ལྟ་བུ་དག་གིས་ལེགས་པར་བརྒྱན་པའོ།། ཤཱ་རིའི་བུ་གཞན་ཡང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་ན་ངང་པ་དང་། ཁྲུང
229a7 ཟུང་དང་། རྨ་བྱ་དག་ཡོད་དེ། དེ་དག་ཀྱང་ཉིན་ལན་གསུམ་མཚན་ལན་གསུམ་འདུས་ནས་ཡང་དག་པར་བགྲོ་བར་བྱེད་དེ། རང་རང་གི་སྐད་དག་གིས་སྨྲའོ།། དེ་དག་སྨྲ་བ་ན། དབང་པོ་དང
iiif viewer powered by OpenSeadragon
228b - 229b