| | e-texts navigator
|
228b1 ཡང་འཇིག་རྟེན་གྱི་ཁམས་བདེ་བཅན་ན་རིན་པོ་ཆེ་སྣ་བདུན་གྱི་རྫིང་ཡན་ལག་བརྒྱད་དང་ལྡན་པའི་རུས་ཡོངས་སུ་གང་བ་རན་པརའི་འདྲས་ཁེབས་པ། བ་རོག་གིས་སུང་དུ་རུང་བབ
228b2 ད་ཆད་དུ་གྱུར་པ། གསེར་གྱི་བྱེ་མ་བརྡལ་བ་དག་ཡོད་དོ།། རྫིང་དེ་དག་ཕྱོགས་བཞི་ཀུན་ནས་ཐེམ་སྐས་བཀྲ་བ། བལྟན་སྡུག་པ། གསེར་དང་། དངུལ་དང་། བཻ་ཌཱུརྨ་དང་།
228b3 ཤལ་དང་། རིན་པོ་ཆེ་སྣ་བནི་ལས་བྱས་པ་བཞི་པཞི་ཡོད་དོ།། རྫིང་དེ་དག་གི་འམམ་ན་རིན་པོ་རེའི་ཤིང་ལྗོན་པ་རིན་པོ་བདུན་ལ་འདི་ལྟ་སྟེ། གསེར་དང་། དངུལ་དང་། བ་ནུམ
228b4 ཤེལ་དང་། མུ་ཏིག་དམར་པོ་དང་། རྡོའི་སྙིང་པོ་དང་། སྤུག་གི་ཤིང་བཀྲ་བ། བལྟ་ན་སྡུག་པ་དག་སྐྱེས་སོ།། རྫིང་དེ་དག་ཀུན་ནས་པདྨ་སྐྱེས་པ་འདི་ལྟ་སྟེ། གསེར་དང་། གསེར
228b5 གྱི་ཁ་དོག་གསེར་གྱི་འོད་འབྱུང་པ། གསེར་ལྟ་བུར་སྟོན་པ། སྔོན་པོ། ཁ་དོག་སྔོན་པོ། འོད་སྔོན་པོ་འབྱུང་བ། སྔོན་པོ་ལྟ་བུར་སྟོན་པ། སེར་པོ། ཁ་དོག་སེར་པོ། འོད་སེར་པོ་འབྱུང
228b6 བ། སེར་པོ་ལྟ་བུར་སྟོན་པ། དམར་པོ། ཁ་དོག་དམར་པོ་འོད་དམར་པོ་འབྱུང་བ། དམར་པོ་ལྟ་བུར་སྟོན་པ། དཀར་པོ། ཁ་དོག་དཀར་པོ། འོད་དཀའ་བོ་འབྱུང་བ། དཀར་པོ
228b7 ལྟ་བུར་སྟོན་པ། བཀྲ་བ། ཁ་དོག་བཀྲ་བ། འོད་བཀྲ་བ་འབྱུང་བ། བཀྲ་བ་ལྟ་བུར་སྟོན་པ་ཤིང་རྡའི་འཕང་ལོ་ཙམ་དག་སྐྱེས་སོ།། ཤཱ་རིའི་བུ་སངས་རྒྱས་ཀྱི་ཞིང་དེ་ན་སངས
iiif viewer powered by OpenSeadragon
228a - 229a