e-texts navigator
Collection
Volume
Page
Wylie

228a1 ཁྲིག་འབུམ་ཕྲག་མང་པོ་གཞན་དག་དང་ཡང་ཐབས་ཅིག་ཏུ་བཞུགས་སོ། ། དེ་ནས་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་བཀའ་སྩལ་བ
228a2 ཤཱ་རིའི་བུ་སངས་རྒྱས་ཀྱི་ཞིང་འདི་ནས་ནུབ་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་འདས་པ་ན། འཇིག་རྟེན་གྱི་ཁམས་བདེ་བ་ཅན་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན
228a3 གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དཔག་མེད་ཅེས་བྱ་བ་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ།། ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས
228a4 འཇིག་རྟེན་གྱི་ཁམས་དེ་ཅིའི་ཕྱིར་བདེ་བ་ཅན་ཞེས་བྱ་ཞེ་ན། ཤཱ་རིའི་བུ་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དེ་ལ་སེམས་ཅན་རྣམས་ཀྱི་ལུས་ལ་སྡུག་བསྔལ་མེད། སེམས་ལ་སྡུག་བསྔལ་མེད་ཅིང
228a5 བདེ་བའི་རྒྱུ་ཚད་མེད་པ་ཡོད་དེ། དེའི་ཕྱིར་འཇིག་རྟེན་གྱི་ཁམས་དེ་བདེ་བ་ཅན་ཞེས་བྱའོ།། ཤཱ་རིའི་བུ་གཞན་ཡང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་ནི་ཁ་ཁྱེར་རིམ་པ་བདུན་དང་། ཤིང
228a6 ལའི་འཕྲེང་བ་རིམ་པ་བདུན་དང་། དྲིལ་བུ་གཡེར་ཀའི་དྲ་བ་རྣམས་ཀུན་ནས་ཡོངས་སུ་བསྐོར་བ་དང་། བཀྲ་བ་བལྟ་ན་སྡུ་བའོ།། ཤཱ་རིའི་བུ་སངས་རྒྱས་ཀྱི་ཞིང་དེ་ནི་རིན་པོ་སྣ་བཞི་འདི
228a7 ལྟ་སྟེ། གསེར་དང་། དངུལ་དང་། བཻ་ཌཱུཪྻ་དང་། ཤེལ་དང་། རྣམ་པ་དེ་ལྟ་བུའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་དག་གིས་ལེགས་པར་བརྒྱན་པའོ།། ཤཱ་རིའི་བུ་གཞན




iiif viewer powered by OpenSeadragon

227b - 228b

Texts on this page

S186 - 'phags pa bde ba can gyi bkod pa zhes bya ba theg pa chen po'i mdo