e-texts navigator
Collection
Volume
Page
Wylie

222a1 པ་དཔག་ཏུ་མེད་པ་དང་ལྡན་པར་འགྱུར་ཏེ། སངས་རྒྱས་ཀྱི་ཞིང་དེའང་བྱང་ཆུབ་སེམས་དཔའ་འབའ་ཞིག་གིས་ཡོངས་སུ་གང་བར་འགྱུར་རོ།། དེ་ནས་བཅོ
222a2 ལྡན་འདས་ལ། ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས
222a3 བཀའ་སྩལ་པ། དེའི་ཕྱིར་ཀུན་དགའ་བོ་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ཆོས་ཐམས་ཅད་མི་གཡོ་བ་ཞེས་བྱ་བར་ཟུང་ཞིག། ལྷག་པའི་བསམ་བརྟན་པ་ལེའུ་ཞེས་བྱ་བར་ཡང་ཟུང་ཞིག
222a4 བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་བརྟན་པ་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་།
222a5 དགེ་སློང་དེ་དག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ
222a6 མངོན་པར་བསྟོད་དོ། ། འཕགས་པ་ལྷག་པའི་བསམ་བརྟན་པའི་ལེའུ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་སུ་རེནྡྲ་བོ་དྷེ་དང་། པྲཛྙཱ་བར་མ་དང
222a7 ནུ་ཆེན་གྱི་ལོ་ཙ་བ་བནྡྷེ་ཡེ་ཤེས་སྡེ་ལ་སོགས་པས་བསྐུར་ཅིང་ཞུས་ཏེ་གཏན་ལ་བབ་པ། རྒྱ་གར་སྐད་དུ། ཨཱརྱ་དྷརྨ་མུ་དྲཱ་ནཱ་མེ་མ་ཧཱ་ཡཱ




iiif viewer powered by OpenSeadragon

221b - 222b

Texts on this page

S184 - 'phags pa lhag pa'i bsam pa brtan pa'i le'u zhes bya ba theg pa chen po'i mdo
S185 - 'phags pa chos kyi phyag rgya zhes bya ba theg pa chen po'i mdo