| | e-texts navigator
|
221b1 ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུ་ས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལྭ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས
221b2 ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ནི་རྒྱུ་མ་མཆིས། རྐྱེན་མ་མཆིས་པར་འཛུམ་པ་མི་མཛད་ན། བཅོམ་ལྡན་འདས་འཛུམ་པ་མཛད་པའི་རྒྱུ་ནི་གང
221b3 ལགས། རྐྱེན་ནི་གང་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀུན་དགའ་བོ་འཁོར
221b4 འདིའི་ནང་ནས་དགེ་སློང་མངོན་པའི་ང་རྒྱལ་ཅན་དུ་གྱུར་པ་ཉིས་བརྒྱ་པོ་དེ་དག་གིས་མངོན་པའི་ང་རྒྱལ་མེད་པའི་ཆོས་འདི་ཐོས་ནས། ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ།། །
221b5 བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་བརྟན་པས་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་བརྟན་པ་འདི་ནི། བསྐལ་པ་ཁྲིས་བླ་ན་མེད་པ
221b6 ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། བསྐལ་པ་རིན་པོ་ཆེ་ཐམས་ཅད་ཀུན་ཏུ་སྣང་བ་ལ་འཇིག་རྟེན་གྱི་ཁམས་མེ་ཏོག་ཐམས་ཅད་ཀྱི་རྣམ་པར་བཀྲ་བ་ཞེས
221b7 བྱ་བར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་པདྨ་དཔལ་གྱི་སྙིང་པོ་ཅན་ཞེས་བྱ་བར་འགྱུར་རོ། ། དེའི་སངས་རྒྱས་ཀྱི་ཞིང་ཡང་ཡོན་ཏན་བཀོད
iiif viewer powered by OpenSeadragon
221a - 222a