| | e-texts navigator
|
221a1 སོ། ། དེ་དག་ནི་ཡོན་གནས་སུ་གཟུང་བར་བྱའོ།། དེ་དག་ནི་བསོད་ནམས་ཀྱི་ཞིང་དུ་བལྟ་བར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་ཆོས་ཀྱི་རྣམ་གྲངས་འདི་ནི
221a2 མངོན་པའི་ང་རྒྱལ་ཅན་རྣམས་དང་། འབྲས་བུ་ལ་དམིགས་པ་རྣམས་དང་། བྱང་ཆུབ་ལ་དམིགས་པ་རྣམས་དང་། སྔོན་གྱི་རྒྱབ་བ་རྣམས་ལ་བྱ་བ་མ་བྱས་པ་རྣམས་ཀྱིས་བཟོད་པར་མི
221a3 ནུས་པའི་ཕྱིར་རོ། ། ཆོས་ཀྱི་རྣམ་གྲངས་འདི་བསྟན་པ་ན། བྱང་ཆུབ་སེམས་དཔའ་ལྷག་པའི་བསྐུམ་པ་བརྟན་པས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ།།
221a4 དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་འཛུམ་པ་མཛད་དོ།། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཉིད་དེ། གང་གོ་འཛུམ་པ་མཛད་པ་དེའི་ཚེ། བཅོམ་ལྡན་འདས་ཀྱི
221a5 ཞལ་གྱི་སྒོ་ནས་འོད་ཟེར་ཁ་དོག་དུ་མ་ཁ་དོག་སྣ་ཚོགས་འདི་ལྟ་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། བཙོད་ཁ་དང་། ཤེལ་དང་། དངུལ་གྱི་ཁ་དོག
221a6 ལྟ་བུ་དག་བྱུང་ནས། འོད་ཟེར་དེ་དག་གིས་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་སྣང་བས་ཁྱབ་པར་བྱས་ཏེ། ཚངས་པའི་འཇིག་རྟེན་གྱི་བར་དག་ཏུ་སོང་ནས་ཕྱིར་ལོག་སྟེ།
221a7 བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་སྤྱི་གཙུག་ཏུ་ནུབ་པར་གྱུར་ཏོ།། དེ་ནས་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས། ཚེ་དང་ལྡན་པ་ཀུན་དགའ་བོ་ན།
iiif viewer powered by OpenSeadragon
220b - 221b