| | e-texts navigator
|
173a1 བོད་སྐད་དུ། འཕགས་པ་ཀུན་རྫོབ་དང་དོན་དམ་པའི་བདེན་པ་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། ། བམ་པོ་གཅིག་པ།
173a2 སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། བྱ་རྒོད
173a3 ཕུང་པོའི་རི་ལ་དགེ་སློང་བརྒྱད་སྟོང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་བདུན་ཁྲི་ཉིས་སྟོང་དང་། འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤོད་པའི་ལྷའི་བུ་རྣམས
173a4 དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ན་བཅོམ་ལྡན་འདས་འཁོར་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བསྟན་ནས་ཆོས་སྟོན་ཏོ།། དེ་ནས་ལྷའི་བུ་རབ་ཏུ་ཞི་བ
173a5 རྣམ་པར་དུལ་བའི་དབང་ཕྱུག་ཅེས་བྱ་བ་འཁོར་དེར་འདུས་པར་གྱུར་ཏེ་འདུག་པ་དེས། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོ་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ
173a6 ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་ད་ལྟར་གང་ན་མཆིས། བཅོམ་ལྡན་འདས་བདག
173a7 དང་འཁོར་མང་པོ་འདི་རྣམས་ཀྱང་སྐྱེས་བུ་དམ་པ་དེས་ཆོས་བསྟན་པར་རབ་ཏུ་འཚལ་ལོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་སངས་རྒྱས་ཀྱི་ཞིང་འདི་ནས་ཤར་ཕྱོགས
iiif viewer powered by OpenSeadragon
172b - 173b